དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཁྱེད་རང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འཇོ་མདའ་པདྨ།   |     སྤེལ་དུས།  2025-11-30

    ཁྱེད་རང་། མཚར་སྡུག་གིས་སྤུད་པའི་མེ་ཏོག་ཅིག

    ལང་ཚོའི་སྡུ་གུ་བཀྲ་བའི་མེ་ཏོག་ཅིག

    བདག་ཡིད་ཀྱི་དབྱར་གཞུང་དུ་བརྗིད་ཀྱིས་བཞད།


    ཁྱེད་རང་། ཕྱི་ཐག་གི་བཞུར་རྒྱུན་རིང་བའི་གཙང་པོ་ཞིག

    ཁྲེལ་གཞུང་གི་རླབས་རིས་བརྟན་པའི་གཙང་པོ་ཞིག

    བདག་སེམས་ཀྱི་ས་གཞི་རུ་ལྷོད་ཀྱིས་འབབ།


    ཁྱེད་རང་མེད་ན།

    བདག་གི་དུང་ཞེན་གྱི་མེ་ལྕེ་གང་ནས་མཆེད།

    བདག་གི་དཀའ་སྡུག་གི་མིག་ཆུ་སུ་ཡིས་འབྱིད།

    བདག་གི་སྙན་ངག་གི་བརྗོད་བྱ་སུ་ཡིས་བྱེད།


    ཁྱེད་རང་ཡོད་པས།

    བདག་གི་མི་ཚེ་ལ་སྙིང་པོ་ཡོད།

    བདག་གི་འཚོ་བ་ལ་ཁ་དོག་ཡོད།

    བདག་གི་ནང་སེམས་ལ་དྲོད་ཁོལ་འཁྱིལ།


    དེ་བས། མཛེས་འཛུམ་གྱིས་ཕྱུག་པའི་ཁྱེད་རང་།

    གཡོ་ལྷད་དང་བྲལ་བའི་ཁྱེད་རང་།

    བདག་གི་འཇིག་རྟེན་ཁམས་སུ་རྟག་ཏུ་བཞུགས་རོགས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།