བར་སྐབས་ཀྱི་སེམས་འགྱུ།
ཡུལ་ལུང་པ་ཁ་ཐག་རིང་དྲགས། །
ཕ་དྲིན་ཅན་ལོ་ན་རྒས་དྲགས། །
ངའི་མིག་ཆུ་ཤྭ་འོད་བརྡོལ་བརྡོལ། །
བརྡོལ་ཟེར་ཡང་འཁྱུག་ཙམ་འཁྱུག་ཙམ། །
རོགས་ཆུང་ལོ་བརྩེ་བ་ཟབ་དྲགས། །
གྲོགས་དགའ་ཉེ་ཕྱི་ཐག་རིང་དྲགས། །
ངའི་སྙིང་ཆུང་ལུ་གུ་ལྡིང་ལྡིང་། །
ལྡིང་ཟེར་ཡང་སྐབས་རེ་སྐབས་རེ། །
གྲོང་རྒྱ་གྲོང་འདུ་འཛི་ཆེ་དྲགས། །
སྨན་བུ་མོ་ཁ་འབྲས་མཚར་དྲགས། །
ངའི་གོམ་པ་གློག་དམར་འཁྱུག་འཁྱུག །
འཁྱུག་ཟེར་ཡང་ཡུད་ཙམ་ཡུད་ཙམ། །
ལག་ལས་ཀ་ཙག་ཙིག་མང་དྲགས། །
ཕོ་ང་རང་སྒྱིད་པ་ལུག་དྲགས། །
ངའི་འཆར་གཞི་རི་བོ་བརྩེགས་བརྩེགས། །
བརྩེགས་ཟེར་ཡང་ཉིལ་ཙམ་ཉིལ་ཙམ། །
དུས་དེང་སང་བསླུ་བྲིད་འབེལ་དྲགས། །
བུ་ཀླད་མེད་མགོ་བོ་སླ་དྲགས། །
ངའི་འདོད་པ་མེ་ལྕེ་འབར་འབར། །
འབར་ཟེར་ཡང་ལྷེབ་ཙམ་ལྷེབ་ཙམ། །
འབྲེལ་ཡོད་གསར་འགྱུར།