གངས་ལྗོངས་ལ་བརྩེ་བ་འཆང་ཞེས་པའི་བོད་ཀྱི་སྣུམ་ཚོན་རི་མོའི་འགྲེམས་སྟོན་སྐབས་ལྔ་པ་ལྷ་སར་འགོ་ཚུགས་པ།
ཚེས་21ཉིན། “དུས་རབས་གསར་པ་དང་རྣམ་པ་གསར་པ”སྟེ། གངས་ལྗོངས་ལ་བརྩེ་བ་འཆང་ཞེས་པའི་བོད་ཀྱི་སྣུམ་ཚོན་རི་མོའི་འགྲེམས་སྟོན་སྐབས་ལྔ་པ་བོད་ལྗོངས་མཛེས་རྩལ་ཁང་དུ་འགོ་ཚུགས་པ་རེད། འགྲེམས་སྟོན་དེ་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་སྣུམ་ཚོན་རི་མོའི་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ། བོད་རང་སྐྱོང་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་དང་བོད་ལྗོངས་མཛེས་རྩལ་ཁང་གིས་མཉམ་དུ་གཉེར་བ་ཞིག་ཡིན་པ་དང་། ཁྱོན་སྣུམ་ཚོན་རི་མོ་100ལྷག་ཙམ་འགྲེམས་སྟོན་བྱས་པ་མ་ཟད། རི་མོའི་འགྲེམས་སྟོན་དེ་ཟླ་12ཚེས་21ཉིན་བར་རྒྱུན་མཐུད་སྤྱི་དམངས་ལ་རིན་མེད་ངང་སྒོ་དབྱེ་རྒྱུ་ཡིན་པ་རེད།
སྐབས་འདིའི་འགྲེམས་སྟོན་ལ་བརྩམས་ཆོས་བསྡུ་རུབ་དང་། གློག་རྡུལ་གྱི་བྲིས་ཆ་འདེམས་པ། གསར་རྩོམ་ལ་དཔྱད་ཞིབ་སོགས་ཀྱི་ལྷུ་ཚིགས་བརྒྱུད། ཉར་ཚགས་བྱས་པའི་བརྩམས་ཆོས་14དཔྱད་འདེམས་བྱས་ཤིང་། བརྩམས་ཆོས་དེ་དག་གིས་བོད་ཀྱི་མཛེས་རྩལ་གསར་རྩོམ་འཕེལ་རྒྱས་བརྟན་པོ་འགྲོ་ཚུལ་གསལ་པོ་བཀོད་པ་མ་ཟད། དུས་རབས་གསར་པའི་གངས་ལྗོངས་ས་མཐོའི་མདུན་སྐྱོད་བརྒྱུད་རིམ་ལ་བདེན་དཔང་གསོན་ཉམས་དོད་པོ་ཞིག་ཀྱང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།