དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • 《གངས་ལྗོངས་ཟློས་གར་གྱི་ལོ་ཟླ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-25

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང་དེ་བཞིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་རིག་རྩལ་ཚོགས་པ་བོད་དུ་བསྐྱོད་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུ་ཆེད། བོད་རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དབྱང་ཧྲི་ཅུན་གྱིས་གཙོ་སྒྲིག་བྱས་པ་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་པར་སྐྲུན་བྱས་པའི《གངས་ལྗོངས་ཟློས་གར་གྱི་ལོ་ཟླ》ཞེས་པའི་དཔེ་དེབ་ཉིན་ཤས་གོང་དངོས་སུ་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 《གངས་ལྗོངས་ཟློས་གར་གྱི་ལོ་ཟླ》ཞེས་པ་དེ་ཕྱིར་དྲན་ཟིན་ཐོ་དང་། འཕྲིན་གཏོང་རྩོམ་ཡིག པར་རིས་དཔྱད་གཞི་བཅས་ནང་དོན་གཙོ་བོར་བྱས་ཏེ། དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་རིག་རྩལ་ཚོགས་པའི་རུ་ཁག་གཉིས་པ(ཧོ་ནན་ཟློས་གར་ཚོགས་པ)སྟེ་བོད་རང་སྐྱོང་ལྗོངས་ཧོ་ནན་ཟློས་གར་ཚོགས་པ་དང་། ཧྲའན་ཤིས་ཟློས་གར་ཚོགས་པ། པེ་ཅིང་ཁྲང་ཞི་ཚོགས་པ། ཧོང་མེ་ཟློས་གར་ཚོགས་པ་སོགས་ཟློས་གར་ཚོགས་པ་བཞི་ཡིས་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་ནས་ལོ་རབས་བརྒྱད་ཅུའི་བར་གྱི་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་། ལམ་སྐྲུན་དམག་དཔུང་དང་མཉམ་དུ་ལྷ་སར་བསྐྱོད་དེ་བོད་སྡོད་དཔུང་སྡེའི་དཔོན་དམག་དང་ལྗོངས་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་མང་ཚོགས་ལ་འཁྲབ་སྟོན་བྱས་པའི་བརྒྱུད་རིམ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོག་ནས་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་ནས་དྲུག་ཅུའི་བར། བོད་ཀྱི་ཟློས་གར་ཚོགས་པ་འགའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་རིག་རྩལ་གསར་རྩོམ་གྱི་གྲུབ་འབྲས་ཟིན་ཐོར་བཀོད་དེ། ཕུན་སུམ་ཚོགས་པའི་པར་རིས་དང་ཡིག་ཆའི་ཐོག་ནས་བོད་ཀྱི་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་དཔྱད་གཞི་རྩ་ཆེན་བསྡུ་རུབ་དང་ཉར་ཚགས་བྱས་པ་ཕྱོགས་ཡོངས་ནས་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།