དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཕ་ཡུལ་གྱི་དྲན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གཟི།   |     སྤེལ་དུས།  2025-11-23

    ཆུ་ཁར་རླབས་ཀྱི་གཉེར་རིས་དལ་གྱིས་གཡོ། །

    སྐབས་སྐབས་ཉ་མོའི་གཞུག་ལྕག་ཐག་སྒྲ་སྒྲོག །

    ཆུ་བྱ་སྐེ་རིང་རེ་ཡང་མགྲོན་དུ་བྱོན། །

    ད་ནི་ལྷིང་འཇཊ་དེ་འདྲ་གང་ནས་འཚོལ། །


    རྫ་རི་གཡའ་སྤང་གང་སར་གནས་མལ་བཅས། །

    རི་ཆུ་ས་རྡོ་ཀུན་ལ་བློ་གཏད་བཅོལ། །

    ལུག་ཁྱི་དོམ་ནག་སྙིང་དཀར་གྲོཊ་སུ་བསྟེན། །

    དྲན་པ་དེ་ཚོ་བརྗེད་ན་ཕངས་པ་ལ། །


    ཉི་མ་ནུབ་རིའི་ཕག་ཏུ་བྱོན་ལ་ཁད། །

    གྲིབ་སོ་སྒོ་རའི་ཐང་དུ་ལྷུང་ལ་ཁད། །

    འགྲུལ་པ་ཡར་འགྲོ་བརྒྱ་དང་མར་འགྲོ་སྟོང་། །

    མུ་མཐུད་ཨ་མར་སྒུག་པའི་ཉིན་མོ་གཅིག །


    ནོར་ལུག་མང་ཡང་མི་མང་བརྒྱ་ཚོ་ཙམ། །

    ཞིང་ཐང་ཆེ་ཡང་མི་ཆེ་བཅུ་ཚོ་ལྷག །

    དབུལ་ཡང་མི་དབུལ་ཕྱུག་ཀྱང་མི་ཕྱུག་པའི། །

    ས་མ་འབྲོག་གི་ས་དེ་ལྷག་པར་དྲན། །


    ཕོ་ལོ་བཞི་བཅུའི་ཐེམ་སྐས་ཡུད་ཀྱིས་བརྒལ། །

    འདི་སྣང་འཚོ་བའི་སྐྱིད་སྡུག་རེས་སུ་འཁོར། །

    ས་ཐག་རྒྱང་བའི་ཕ་ཡུལ་ལུང་ཁུག་གང་། །

    ཡང་ཡང་ཡིད་ལ་དྲན་དེ་སྐྱིད་ཅིག་རེད། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།