དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སློབ་གསོར་བསྟོད་པའི་སེམས་གཏམ་གངས་ལྷ་དཀར་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་རིང་གཡང་འཛོམས།   |     སྤེལ་དུས།  2025-11-23

    དུས་གསར་སྐལ་བཟང་ཕོ་ཉས། །

    གསུང་སྙན་ཡང་ཡང་སྒྲོག་བྱུང་། །

    གངས་ཅན་སློབ་གསོའི་འཐབ་སར། །

    དཔྱིད་ཀྱི་དཔལ་ཡོན་བཞད་སོང་། །


    མཁའ་ལ་གནས་པའི་སྐར་མ། །

    མང་པོ་འདུག་བསམས་མ་གནང་། །

    ལོ་ཆུང་སློབ་མའི་ཁྱུ་ཚོགས། །

    སྐར་མ་ལས་ཀྱང་མང་བ། །


    མགོ་སྒུར་ལྕེ་སྣར་ངང་ནས། །

    ཞུ་བ་འཐེན་དགོས་མི་འདུག །

    སློབ་ཡོན་ཞོ་གང་མེད་ཁར། །

    ད་དུང་འཚོ་གོས་གནང་བྱུང་། །


    ཏང་གིས་སློབ་གསོའི་བྱ་བར། །

    ཐུགས་ཁུར་འདི་འདྲ་གནང་དུས། །

    སློབ་མའི་ཕ་མ་རྣམ་པས། །

    བཀའ་དྲིན་ཚོར་བ་གནང་རོགས། །


    མི་རྒྱུད་ཡིག་རྨོངས་ཕྲུ་གུས། །

    སློབ་ཆེན་སྒོ་མོ་བརྒལ་སོང་། །

    བོད་ཡིག་རྒྱ་ཡིག་དབྱིན་ཡིག །

    ཐོགས་པ་མེད་པར་གཟིགས་དང་། །


    དགེ་རྒན་ཤེས་བྱ་འཛོམས་པ། །

    སློབ་མ་རིག་པ་གསལ་བ། །

    གངས་ཅན་མཁས་པའི་འབྱུང་གནས། །

    སློབ་གྲྭ་ཡིན་པ་ངེས་རོགས། །


    ཁྱིམ་དང་སློབ་གྲྭ་སྤྱི་ཚོགས། །

    ཚང་མས་གཞོགས་འདེཌ་གནང་བས། །

    སྤྱོད་ཡོན་གཉིས་ལྡན་སློབ་མ། །

    དབྱར་མཚོ་རྒྱས་ལྟར་འཕེལ་བྱུང་། །


    བཤེས་གཉེན་སློབ་མའི་དབར་གྱི། །

    བརྩེ་སེམས་ཉ་ཆུ་འདྲ་བྱུང་། །

    སློབ་གྲྭའི་ཁོར་ཡུག་སྐྱིད་པོ། །

    སྐྱེད་ཚལ་ལྡུམ་ར་འདྲ་བྱུང་། །


    བོད་ལྗོངས་འཛུགས་སྐྲུན་བྱེད་པའི། །

    ཤེས་ལྡན་གནམ་འདེགས་ཀ་བ། །

    ཆར་རྗེས་ཤ་མོ་ཇི་བཞིན། །

    སློབ་གྲྭ་ཁག་ནས་ཐོན་བྱུང་། །


    ལས་ཞུགས་ཁོ་ན་མ་སོམས། །

    ཤེས་བྱ་ཡོན་ཏན་སོམས་ཤིག

    ཤེས་ཡོན་མེད་པའི་མི་ལ། །

    འགྲོ་སའི་ལམ་བུ་མི་འདུག །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།