དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་བསམ་བཀོད་ཐོན་རྫས་གསར་གཏོད་འགྲན་བསྡུར་ཆེན་པོ་སྐབས་དང་པོ་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-15

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་བསམ་བཀོད་ཐོན་རྫས་གསར་གཏོད་འགྲན་བསྡུར་ཆེན་པོ་སྐབས་དང་པོའི་རྒྱལ་ཕམ་ཐག་གཅོད་དང་བྱ་དགའ་སྤྲོད་པའི་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མ་རིག་གནས་གསར་གཏོད་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས་སུ་འཚོགས་པ་རེད།

    འགྲན་བསྡུར་བྱེད་རིང་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)18ནས་ཡོང་བའི་རིག་གནས་བསམ་བཀོད་ལ་དགའ་པོ་ཡོད་མཁན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་མཉམ་དུ་འཛོམས་ཡོད་པ་རེད། བཟོ་རྩལ་དང་གསར་གཏོད་གཉིས་ལྡན་གྱི་རིག་གནས་བསམ་བཀོད་བརྩམས་ཆོས་ཁག་20འགྲེམས་སྟོན་བྱས་པ་དེའི་ནང་ཐང་ག་དང་། སྒྲ་སྙན། སྤོས། བཟོ་རྩལ། འཚེམ་དྲུབ་བཅས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་གྱི་དམིགས་ཡུལ་གཙོ་བོ་ནི་ས་གནས་དེ་གའི་རིག་གནས་ཐོན་ཁུངས་སྔོག་འདོན་བྱ་རྒྱུ་ལྟེ་བར་བྱས་ནས་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ། གཞིས་རྩེའི་ཁྱད་ཆོས་ལྡན་པའི་རིག་གནས་མཚོན་རྟགས་སྔོག་འདོན་བྱས་པ་བརྒྱུད། གསར་གཏོད་ཤེས་ལྡན་པའི་གསར་གཏོད་ཀྱི་མི་མངོན་པའི་ནུས་པ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་ནས། གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་འཕེལ་རྒྱས་ཁྲོད་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་གཟི་མདངས་འཕྲོ་རྒྱུར་རོགས་རམ་བྱ་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།