དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་སྙན་འཇེབས་རོལ་དབྱངས་བརྩམས།

    —— རིག་མཛོད་སྙན་ཞུས་ཀྲུང་གོའི་བོད་ལྗོངས་ཀྱི་གྲོང་གསེབ་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན་ལ་དབྱེ་ཞིབ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     རྩོམ་པ་པོ།  ལི་ཧྭ། སྐལ་བཟང་དཔལ་འབྱོར། ལི་ཅན།   |     སྤེལ་དུས།  2025-10-22

    2020ལོའི་ཟླ་7ཚེས་1ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་འཇུ་གྲོང་ཚོའི་འཇུ་བྲོ་རུ་ཁག་གི་རུ་མིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས“འཇུ་བྲོ”འཁྲབ་བཞིན་པ།

    2019ལོའི་ལོ་མཇུག་ཏུ། ཀྲུང་གོའི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་དམིགས་བསལ་དབུལ་ཕོངས་ས་ཁུལ་འབའ་ཞིག་ཡིན་པའི་ངོས་ནས་བོད་རང་སྐྱོང་ལྗོངས་ཀྱི་དབུལ་ཕོངས་མི་འབོར་ཁྲི་62.8ཚང་མ་དབུལ་སྒྲོལ་བྱུང་བ་དང་། དབུལ་ཕོངས་རྫོང(ཆུས)74ཚང་མ་དབུལ་ཞྭ་ཕུད་པ་རེད།

    2024ལོར་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་ནས་སྒོར་ཁྲི་2ཀྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཡོད།

    ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་97.86%ཟིན་ཡོད།

    ལོ་ངོ་60ཡི་རིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་བཅས་ལས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་པ་མངོན་ཡོད། ཤིན་ཧྭ་གསར་འགྱུར་ཁང་རྒྱལ་ཁབ་རྩེར་སོན་རིག་མཛོད་ཀྱིས་ཟླ་10ཚེས་16ཉིན་ཁྱབ་བསྒྲགས་བྱས་པའི་རྒྱ་ཡིག་དང་དབྱིན་ཡིག་པར་མའི་རིག་མཛོད་སྙན་ཞུ《སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་སྙན་འཇེབས་རོལ་དབྱངས་རྩོམ། ཀྲུང་གོའི་བོད་ལྗོངས་ཀྱི་གྲོང་གསེབ་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན》ནང་། བོད་ཀྱི་གྲོང་གསེབ་འཕེལ་རྒྱས་ནི་དཔལ་འབྱོར་གྱི་བརྗོད་གཞི་སྟབས་བདེ་ཞིག་གཏན་ནས་མིན་པར་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། རིག་གནས་རྒྱུན་འཛིན། སྐྱེ་ཁམས་བདེ་འཇགས་བཅས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་འདུ་འགོད་ཅིག་རེད་ཅེས་བསྟན་ཞིང་། སྙན་ཞུའི་ནང་བོད་ཀྱི་མཚོན་རྟགས་རང་བཞིན་གྱི་གྲོང་གསེབ་ལྟ་ཞིབ་བྱེད་ཡུལ་དུ་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཞི་རིམ་དུ་ལག་བསྟར་བྱས་ཚུལ་གྱི་ཐབས་ལམ་ལ་དབྱེ་ཞིབ་ཟབ་མོ་བྱས་ནས། གོ་ལ་ཧྲིལ་པོའི་མི་རིགས་མང་བའི་ས་ཁུལ་ལ་རིག་གནས་སྲུང་སྐྱོང་དང་དེང་རབས་ཅན་གྱི་ཕྱོགས་སྒྱུར་མངོན་འགྱུར་ཡོང་བར་བློ་སྐྱེད་ཟབ་མོ་འདོན་ཐུབ་རེ་བྱས་ཡོད་པ་རེད།

    བོད་ཀྱི་གྲོང་གསེབ་འཕེལ་རྒྱས་ལ་ཕྱོཌ་ཡོངས་ནས་ཡར་ཐོན་བྱུང་བ།

    དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་ཞིང་། 2019ལོའི་ལོ་མཇུག་ཏུ། ཀྲུང་གོའི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་དམིགས་བསལ་དབུལ་ཕོངས་ས་ཁུལ་འབའ་ཞིག་ཡིན་པའི་ངོས་ནས་བོད་རང་སྐྱོང་ལྗོངས་ཀྱི་དབུལ་ཕོངས་མི་འབོར་ཁྲི་62.8ཚང་མ་དབུལ་སྒྲོལ་བྱུང་བ་དང་། དབུལ་ཕོངས་རྫོང(ཆུས)74ཚང་མ་དབུལ་ཞྭ་ཕུད་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཀྱི་གནད་དོན་གཞི་རྩ་ནས་ཐག་གཅོད་ཐུབ་ཡོད། 2024ལོར་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་ནས་སྒོར་ཁྲི་2ཀྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཡོད།

    རིག་གནས་སྲུང་སྐྱོང་ནུས་ལྡན་བྱུང་ཞིང་། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་བཞི་པའི་ནང་། བོད་ཀྱིས་གྲོང་གསེབ་ཀྱི་རིག་དངོས་ཡོངས་བཤེར་ལས་དོན་སྒྲུབ་ཤུགས་སྔར་བས་ཆེ་རུ་བཏང་ཡོད། གྲོང་གསེབ་ས་ཁུལ་གྱི་གནའ་ཤུལ་གཙོ་གནད་དུ་བཟུང་སྟེ་གནའ་རྫས་རྟོག་ཞིབ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རྩྭ་མདའི་གསང་མདའ་གད་པ་གསེར་མདའ་བང་སོ་དང་། མ་བུ་མཚོའི་རྗེས་ཤུལ། ཕྱི་ཝང་དང་དུང་དཀར་བྲག་ཕུག་གི་གནའ་ཤུལ་སོགས་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་གལ་ཆེན་ལས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ར་འཕྲོད་བྱུང་ཡོད།

    དམངས་འཚོ་འགན་སྲུང་གི་སྤུས་ཚད་མཐོ་རུ་སོང་ཞིང་། ལོ་ངོ་60ཡི་རིང་། བོད་ཀྱི་གྲོང་གསེབ་ཀྱི་དམངས་འཚོའི་གནས་སྟངས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་97.86%ཟིན་པ་དང་དེ་བཞིན་ཤང་དང་གྲོང་རྡལ་གྱི་ཚད་ལྡན་ཅན་གྱི་ལྟེ་བའི་སློབ་གྲྭ་ཡོངས་ཁྱབ་བྱུང་བ། ཏེན་མི་འདང་བའི་ནད་དང་། ཐུམ་འབུའི་ནད། གྲུམ་བུ་ཚིགས་ཆེན་ནད་སོགས་ཡུལ་ནད་ལ་ཚོད་འཛིན་ནུས་ལྡན་ཐུབ་སྟེ་གྲོང་མིའི་བདེ་ཐང་ཆུ་ཚད་རྒྱུན་མཐུད་མཐོ་རུ་སོང་བ། ཞིང་འབྲོག་པ་རྣམས་བདེ་འཇགས་ཀྱི་ཁང་པར་སྡོད་རྒྱུ་བྱུང་བ་དང་ཡོམ་འགོག་བདེ་འཇགས་ཁང་པས་དེ་སྔའི་ས་ཕག་ལས་གྲུབ་པའི་ཉེན་ཡོད་ཁང་པའི་ཚབ་བྱས་ཤིང་། ཤེལ་ཁང་དང་བོད་བཟོའི་ཁྲུས་ཁང་ཡང་བཀོད་སྒྲིག་བྱས་ཡོད།

    སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། བོད་ཀྱི་སྐྱེ་ཁམས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་འགྱུར་བཞིན་ཡོད་པ་དང་། རི་ཀླུང་གི་ཁམ་བུའི་མེ་ཏོག་ལས་སྐད་གྲགས་ཆོད་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོས་2002ལོ་ནས་ཉིང་ཁྲིས་བསྟུད་མར་གཉེར་བའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ལ་བརྟེན་ནས་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ་དང་རང་བྱུང་མཛེས་ལྗོངས་མཉམ་འདྲེས་ཐུབ་པར་བྱས་ཡོད། ལྟ་སྐོར་བྱེད་ཞོར་མེ་ཏོག་འཐུ་བ་དང་དམངས་སྲོལ་ཉམས་ལེན་སོགས་ཀྱི་ལས་རྣམ་སྣ་མང་འཕེལ་རྒྱས་བཏང་བ་བརྒྱུད། 2024ལོར་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1400ལས་བརྒལ་བ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4.12ཟིན་ཏེ། “ཁམ་བུའི་མེ་ཏོག་གི་ཞིང་ཁམས་སུ་འཕེལ་རྒྱས་དོན་དུ་གཉེར་བའི”སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ལམ་དུ་བསྐྱོད་པ་རེད།

    མི་རིགས་མཐུན་སྒྲིལ་ཟབ་ཏུ་ཕྱིན་ཞིང་། མི་རིགས་མཐུན་སྒྲིལ་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་རེད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྔར་བས་ཟབ་ཏུ་བཏང་བར་བརྟེན་ནས། སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་མཉམ་སྐྲུན་དང་ཞིང་འབྲོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་སྒྲིལ་སོགས་ཀྱི་བྱ་སྤྱོད་ཁྱབ་སྤེལ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་མཉམ་དུ་ཕྱུག་པོ་ཆགས་པར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་7ཚང་མ་རྒྱལ་ཡོངས་ཀྱི་མི་རིཌ་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར(ས་ཁུལ)དུ་འཛུགས་གཏོད་བྱས་པས། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ཡོད།

    གྲོང་གསེབ་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན་གཉིས་ཀར་ཕན་པའི་ཐབས་ལམ་ཞིག་བཏོད་པ།

    སྙན་ཞུའི་ནང་ངོས་འཛིན་བྱས་དོན། བོད་ཀྱི་གྲོང་གསེབ་འཕེལ་རྒྱས་གཏོང་རྒྱུ་ནི་དཔལ་འབྱོར་དམིགས་ཚད་འཕར་སྣོན་དོན་གཉེར་བྱེད་པ་ཙམ་མིན་པར། ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སུ་བསྒྱུར་ནས་གྲོང་གསེབ་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན་མཉམ་འདྲེས་གཏིང་ཟབ་ཡོང་བ་དང་། རྒྱ་ཆེའི་གྲོང་གསེབ་ཀྱི་ཕུན་སུམ་ཚོགས་པའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཐོན་ཁུངས་གང་ལེགས་སྤྱད་དེ་རྒྱུན་འཛིན་དང་གསར་གཏོད་ཀྱི་གསོན་ཤུགས་གསར་པ་མངོན་པར་བྱས་ཡོད།

    བརྒྱུད་རིམ་དེའི་ཁྲོད་ནས་བོད་ལ་གྲོང་གསེབ་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན་གཉིས་ཀར་ཕན་པའི་ཐབས་ལམ་ཞིག་རྙེད་ཡོད།

    སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྤུས་འབྲས་ལེགས་གཉེར་བྱུང་བ་བརྒྱུད་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་ཞིང་། སྙན་ཞུའི་ནང་བཏོན་དོན། བོད་འདི་ཉིད་ལོ་རྒྱུས་ཡུན་རིང་དང་རིག་གནས་ཕུན་སུམ་ཚོགས་པའི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་ངོས་ནས་དེའི་སྲོལ་རྒྱུན་གྲོང་ཚོ་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་དང་མཐའ་དར་དམངས་ཕྱུག་སོགས་འཐབ་ཇུས་སྒྲོམ་གཞིའི་ནང་བཅུག་ཡོད་པ་དང་། རིམ་ཁག་སྲིད་གཞུང་གིས་ད་དུང་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་ལེ་ལག་ཚང་བའི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས། རིག་དངོས་སྲུང་སྐྱོང་སྲིད་ཇུས་མ་ལག་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སྲིད་ཇུས་མ་ལག་བཙུགས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད།

    ཐོན་ཁུངས་གསར་སྤེལ་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བརྒྱུད་ལོ་རྒྱུས་དང་རིག་གནས་ཐོན་ཁུངས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་བཏང་ཞིང་། སྙན་ཞུའི་ནང་བཏོན་དོན། བོད་ཀྱིས་རིག་གནས་ཐོན་ཁུངས་བརྒྱུད་རིམ་ལྡན་པའི་སྔོག་འདོན་དང་བེད་སྤྱོད་ལུགས་མཐུན་བྱ་རྒྱུར་མཐོང་ཆེན་བྱས་ཏེ“ཞིང་ལས་ཡུལ་སྐོར་ལྟ་སྐོར་དང་སྐྱེ་ཁམས་ཉམས་ལེན་ཟུང་འབྲེལ”དང“སྤྲོ་གསེང་གུང་གསེང་དང་བོད་ཀྱི་གསོ་བ་རིག་པར་བརྟེན་ནས་ལུས་ཁམས་གསོ་བ་ཟུང་འབྲེལ”སོགས་རྣམ་པ་སྣ་ཚོགས་གསར་སྤེལ་བྱས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཉམས་ལེན་ཐོན་རྫས་བཏོད་ནས་ཚོང་ལས་དང་། ཡུལ་སྐོར། རིག་གནས་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    དཔུང་ཁག་གིས་སྣེ་ཁྲིད་དང་ཐུན་མོང་ཐོག་ཕན་པ་ཐོབ་ཐབས་བརྒྱུད་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་ཤིང་། སྙན་ཞུའི་ནང་བཏོན་དོན། བོད་ཀྱིས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་དཔུང་ཁག་གསོ་སྐྱོང་དང་ཁོང་ཚོར་རོགས་སྐྱོར་བྱས་ནས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་མཁན་ཡོད་པར་བྱས་པ་དང་། རྩལ་ནུས་གསོ་སྦྱོང་བྱས་ནས་གྲོང་མིའི་རིག་གནས་བྱང་ཚད་དང་ལས་ཞུགས་ནུས་པ་ཆེ་རུ་བཏང་བ། གྲོང་མིར་རིག་གནས་རྒྱུན་འཛིན་དང་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་ནང་ཞུགས་རྒྱུར་སྐུལ་འདེད་བཏང་ནས་ཐུན་མོང་ལ་ཕན་པ་ཐོབ་པར་བྱས་ཡོད།

    གོ་ལ་ཧྲིལ་པོའི་མི་རིགས་མང་བའི་ས་ཁུལ་ལ་གྲོང་གསེབ་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ཀྲུང་གོའི་བློ་རིག་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་པ།

    སྙན་ཞུའི་ནང་བཏོན་དོན། བོད་ཀྱི་གྲོང་གསེབ་འཕེལ་རྒྱས་གཏོང་སྐབས་དང་རིག་གནས་རྒྱུན་འཛིན་བྱེད་སྐབས་སྲོལ་རྒྱུན་ལ་བརྩི་འཇོག་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་པའི་རིན་ཐང་གི་རྣམ་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་བྱ་རྒྱུ་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས། ཕྱོགས་ཡོངས་ནས་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུ་དམིགས་ཡུལ་དུ་འཛིན་པ་བཅས་རྒྱུན་འཁྱོངས་བྱས་པས། གྲོང་གསེབ་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན་གཅིག་གྱུར་དམ་ཟབ་མངོན་འགྱུར་བྱུང་ནས་མི་རིགས་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་ཡོང་བར་མ་དཔེ་མཁོ་འདོན་བྱས་པ་དང་མི་རིགས་ཀྱི་ཁྱད་ཆོས་ཡོད་ལ་དེང་རབས་ཀྱི་གསོན་ཤུགས་ཀྱང་ལྡན་པའི་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་དཔེ་གསར་པ་བཏོད་ཡོད། གྲོང་གསེབ་འཕེལ་རྒྱས་གཏོང་རིང་བོད་ཀྱིས་སྲོལ་རྒྱུན་ལ་བརྩི་འཇོག་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ཏེ་རིག་གནས་ལ་བརྟེན་ནས་རྒྱུན་འཛིན་དང་། རིག་གནས་ལ་བརྟེན་ནས་ལས་དར། རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་བཅས་བྱས་ནས་རིག་གནས་སྲུང་སྐྱོང་དང་གསར་གཏོད་གཉིས་ཀར་མཐོང་ཆེན་དང་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་གཏིང་ཟབ་བྱེད་པའི་དམིགས་བསལ་གྱི་ཐབས་ལམ་ཞིག་ཆགས་ཡོད།

    བོད་ཀྱི་གྲོང་གསེབ་ཀྱི་དར་རྒྱས་ནི་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་ལོ་རྒྱུས་སྙན་ངག་ཅིག་རེད། དེ་དག་ལས་འཛམ་གླིང་ལ། དེང་རབས་ཅན་ནི་ནུབ་ཕྱོགས་ཅན་དུ་འགྱུར་བ་གཏན་ནས་མིན་པར་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རང་ངོས་ཀྱི་ཞིང་སར་རྩ་བ་ཚུགས་པ་དང་མ་འོངས་པར་ཁ་ཕྱོགས་ནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པ་ཞིག་ཡིན་པ་དང་། འཕེལ་རྒྱས་ཀྱི་ཐབས་ལམ་དེ་རིགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་མངོན་པ་མ་ཟད། གོ་ལ་ཧྲིལ་པོའི་མི་རིགས་མང་བའི་ས་ཁུལ་ལ་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འགལ་བ་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་རིག་དང་ཇུས་གཞི་མཁོ་འདོན་ཡང་བྱས་པ་གསལ་པོར་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།