《ལྷ་མོའི་ཉམས་འགྱུར་གསར་པ》ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཟློས་གར་ཆུང་ངུའི་འཁྲབ་ཚན་ཐུང་གྲས་འགྲེམས་འཁྲབ་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་པ།
ཉེ་ཆར། ཀྲུང་གོ་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཟློས་གར་ཆུང་ངུའི་འཁྲབ་ཚན་ཐུང་གྲས་འགྲེམས་འཁྲབ”སྐབས་བཅུ་པ་ཅང་སུའུ་ཝུའུ་ཤིས་སུ་འགོ་ཚུགས་ཡོད། བོད་ལྗོངས་ལྷ་མོ་ཚོགས་པས་གསར་རྩོམ་འཁྲབ་སྟོན་བྱས་པའི་སྐྱོར་མོ་ལུང་ལྷ་མོའི་ཟློས་གར་ཆུང་ངུ《ལྷ་མོའི་ཉམས་འགྱུར་གསར་པ》འགྲེམས་འཁྲབ་ནང་ཚུད་པ་དང་འབྲེལ། ཝུའུ་ཤིས་གྲོང་ཁྱེར་མི་དམངས་ཚོགས་ཁང་ཆེ་མོར་འཁྲབ་སྟོན་བྱས་པ་རེད། འཁྲབ་སྟོན་བྱས་རྗེས་གཙོ་གཉེར་བྱེད་མཁན་ཕྱོགས་ཀྱིས་ཚོགས་པ་དེར་ཕུལ་བྱུང་གཟི་བརྗིད་དཔང་ཡིག་སྤྲད་པ་རེད།
འབྲེལ་ཡོད་གསར་འགྱུར།