དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལྡེ་མིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-19

    མཛོད་ཁང་ཞིག་གི་སྒོ་ལ་སྲ་ཞིང་མཁྲེགས་པའི་སྒོ་ལྕགས་ཤིག་བརྒྱབ་ཡོད། ལྕགས་གཟོང་གིས་རང་ལ་སྒོ་ལྕགས་འདི་འབྱེད་པའི་སྟོབས་ཤུགས་ཡོད་སྙམ་སྟེ། ཇི་ལྟར་ཕུག་ཀྱང་འབྱེད་མ་ཐུབ།

    སོག་ལེས་རང་གིས་འབྱེད་ཐུབ་སྙམ་སྟེ། གཡས་གཡོན་གཉིས་ནས་ཇི་ལྟར་དྲས་ཀྱང་སྔར་བཞིན་འབྱེད་མ་ཐུབ། ཐོ་བས་ལྕགས་གཟོང་དང་སོག་ལེ་ལ་མཐོང་ཆུང་གིས་ལྟ་ཙམ་བྱས་ནས། ཁྱོད་གཉིས་ཀྱི་ནུས་པ་དེ་ཙམ་གྱིས་སྒོ་ལྕགས་འདི་ཇི་ལྟར་འབྱེད་ཐུབ་བམ་ཞེས་འཕྱ་སྨོད་བྱེད་ཞོར་དུ། སྒོ་ལྕགས་ཐོག་ཐེངས་འགར་བཞུས་ཀྱང་ཤུལ་བཏོད་པ་ཙམ་ལས་འབྱེད་མ་ཐུབ།

    སྐབས་དེར། ལྡེ་མིག་ཆུང་ཆུང་ཞིག་ཡོང་སྟེ། སྒོ་ལྕགས་ཀྱི་བུ་གར་འཛུལ་ནས་འགུལ་ཙམ་བྱས་པ་ན། སྲ་མཁྲེགས་ཅན་གྱི་སྒོ་ལྕགས་དེ་ཐག་སྒྲ་དང་བཅས་ཏེ་ཕྱེ་བྱུང་བས། ལྕགས་གཟོང་དང་། སོག་ལེ། ཐོ་བ་བཅས་ཡིད་མ་ཆེས་པར། ཁྱོད་ཀྱིས་ཇི་ལྟར་བྱས་ནས་ཕྱེ་བ་ཡིན་ཞེས་དྲིས་པར། ལྡེ་མིག་གིས་ངག་འཇམ་པོས། ང་རང་སྒོ་ལྕགས་ལ་རྒྱུས་མངའ་ཡོད་པའི་རྐྱེན་གྱིས་རེད་ཅེས་ལན་བཏབ་བོ།།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།