དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • ལྷ་མོའི་རྒྱུན་འཛིན་པ་ན་གཞོན་བདེ་སྐྱིད་པད་སྒྲོན་གྱིས་བརྗོད་དོན།

    ལྷ་མོར་དགའ་པོ་ཡོད་པས་མུ་མཐུད་སྦྱངས་པ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-18

    གཟའ་ཉི་མའི་ཞོགས་པར། རང་སྐྱོང་ལྗོངས་མང་ཚོཌ་སྒྱུ་རྩལ་ཁང་གི་ནང་སྦྱོང་ཁང་ནས་འཆར་ཅན་བཞིན་རྣམ་ཐར་སྙན་པོ་ཞིག་གྲགས་འོང་། བྱིས་པའི་རྣམ་ཐར་གྱི་སློབ་ཚན་ཐོག་ལོ་17ལ་སླེབས་པའི་བདེ་སྐྱིད་པད་སྒྲོན་གྱིས་ལྷ་མོའི་འཁྲབ་ཆས་གྱོན་ནས་སྐབས་འགར་རྒན་པ་སངས་ལགས་ཀྱིས་བཏང་བའི་རྣམ་ཐར་ལ་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་དང་། སྐབས་འགར་རང་ཉིད་ཀྱི་རྗེས་སུ་སླེབས་པའི་ལྷ་མོ་སྦྱོང་མཁན་ཚོར་ལྷ་མོ་འཁྲབ་སྟངས་སློབ་ཀྱི་ཡོད། ལྷ་སའི་བུ་མོ་ཆུང་ཆུང་དེས་ལྷ་མོ་སྦྱངས་ནས་ལོ་བརྒྱད་ཙམ་སོང་བ་དང་འཁྲབ་རྩལ་ཡང་ཡག་པོ་ཆགས་ཡོད།

    2015ལོར་སློབ་ཆུང་ལོ་རིམ་གསུམ་པ་འགྲིམ་བཞིན་པའི་བདེ་སྐྱིད་པད་སྒྲོན་གྱི་རྣ་བར་སློབ་གྲོགས་ཤིག་གིས་བཏང་བའི་རྣམ་ཐར་ཐོས་རྗེས། སྙན་ཐག་ཆོད་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལྷ་མོ་སྦྱོང་འདོད་ཀྱི་བློ་ཞིག་ངང་ངམ་ཤུགས་སུ་སྐྱེས། ཨ་མ་ཚེ་རིང་སྐལ་བཟང་གི་རྒྱབ་སྐྱོར་འོག བུ་མོ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་རིན་མེད་གསོ་སྦྱོང་འཛིན་གྲྭར་བསྐྱོད་དེ་རྒན་པ་སངས་དང་བུ་ཆུང་གཉིས་ལྷ་མོའི་དགེ་རྒན་དུ་བསྟེན།

    རྣམ་ཐར་སྦྱོང་བ་ནི་བྱ་བ་ལས་སླ་པོ་ཞིག་ག་ལ་ཡིན། རྣམ་ཐར་སྦྱོང་སྐབས་བདེ་སྐྱིད་པད་སྒྲོན་ལ་སྐད་མཐོ་པོ་བཀྱཌ་དགོས་སར་བཀྱགས་མི་ཐུབ་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད། འོན་ཀྱང་། དཀའ་ངལ་ལ་མི་སྐྲག་པར། ཉིན་ལྟར་ཞོགས་པ་ཆུ་ཚོད་ལྔ་པར་ལངས་ནས་གཞས་གདངས་སྦྱོང་བ་དང་། སློབ་ཚན་གྱི་བར་གསེང་དུ་ལུས་སྦྱོང་བྱེད་པ་དང་། ཐ་ན་གཟའ་མཇུག་གི་སྐབས་སུའང་ནང་སྦྱོང་ཁང་དུ་ལྷ་མོ་སྦྱངས་ནས་སྡོད་ཀྱི་ཡོད། དེ་ལྟར་ལོ་གསུམ་བརྩོན་པ་བྱས་རྗེས་ད་ཆ་རྣམ་ཐར་ཡག་པོ་གཏོང་ཐུབ་ཀྱི་ཡོད་པ་རེད།

    2018ལོའི་ཟླ་6པར། བདེ་སྐྱིད་པད་སྒྲོན་གྱིས་སྒྱུ་རྩལ་ལམ་བུའི་དུས་སྐབས་གལ་ཆེན་ཞིག་བསུས་ཤིང་། སློབ་མཇུག་སྒྲིལ་བའི་མཛད་སྒོར་ལྷ་མོ་འཁྲབ་ནས་རང་ཉིད་ཀྱི་འཇོན་ཐང་མངོན་པ་རེད། ཕྱིས་སུ《འགྲོ་བ་བཟང་མོ》དང《གཟུགས་ཀྱི་ཉི་མ》སོགས་ཀྱི་ལྷ་མོའི་འཁྲབ་སྟོན་ལ་ཞུགས། 2022ལོར་ལྷ་མོའི་འཁྲབ་གཞུང《གཟུགས་ཀྱི་ཉི་མའི》ནང་རྣམ་ཐར་ཡག་པོ་བཏང་བར་བརྟེན། “ཀྲུང་གོའི་བྱིས་པའི་ཁྲང་ཤིའི་དཔྱིད་འགོའི་མེ་ཏོག”བྱེད་སྒོ་སྐབས་ཉེར་དྲུག་པའི“དཔྱིད་འགོའི་མེ་ཏོག་ཆུང་ཆུང”གི་གཟི་བརྗིད་མཚན་སྙན་མཐོ་ཤོས་ཐོབ་ཡོད།

    ཨ་མ་ཚེ་རིང་སྐལ་བཟང་གིས་རང་ཉིད་ཀྱི་བུ་མོར་བྱ་དགའ་ཐོབ་པར་སྤོབས་པ་ཆེན་པོ་བྱེད་པ་དང་། རྒན་པ་སངས་ལགས་ཀྱིས་བདེ་སྐྱིད་པད་སྒྲོན་ལ་སྒྱུ་རྩལ་གྱི་ལྷན་སྐྱེས་ཡོད་པ་དང་ལྷ་མོ་རྒྱུན་འཛིན་བྱེད་པའི་སེམས་ཤུགས་ཀྱང་ཆེན་པོ་འདུག དེས་མ་ཚད་རྣམ་ཐར་ཡང་ཡག་པོ་གཏོང་ཐུབ་པ་དང་བརྩོན་འགྲུས་ཀྱང་ཆེན་པོ་འདུག་པས། ཕྱིས་སུ་ལྷ་མོ་རྒྱུན་འཛིན་བྱེད་མཁན་ཞིག་ཆགས་པའི་རེ་བ་ཡོད་ཅེས་བརྗོད་།

    ད་ཆ་བདེ་སྐྱིད་པད་སྒྲོན་གྱིས་ལང་ཚོར་བརྟེན་ནས་སྲོལ་རྒྱུན་ལྷ་མོར་གསོན་ཤུགས་གསར་པ་ཞིག་སྦྱིན་བཞིན་ཡོད་ལ། རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ཀྱི་ལམ་བུར་དུས་རབས་གསར་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ངོ་མཚར་ལེའུ་མུ་མཐུད་རྩོམ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།