དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • བོད་ཡིག་ཐ་སྙད་བཀས་བཅད་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-14

    一、术语 ཐ་སྙད་མིང་ཚིག

    搬砖 ①ས་ཕག་དབོར་བ། ②“ཨར་པོ་རྒྱུག་པ”

    边界感 འཛེམ་སྣང་།

    踩缝纫机 ①འཚེམ་འཁོར་རྒྱག་པ། ②“བསྡུ་གསོག་བརྒྱབ་པ” བཙོན་ལ་བཅུག་པ།

    产品关联性 ཐོན་རྫས་ཀྱི་འབྲེལ་བཅས་རང་བཞིན།

    潮玩 དར་སོ་ཆེ་བའི་རྩེད་ཆས།

    对空抗击方队 མཁའ་རྒོལ་རུ་སྟར་གྲུ་བཞི།

    封禁抚育 རྒྱ་བསྡམས་འདེབས་གསོ།

    钢铁战阵 གོ་ཧྲག་དམག་རུ།

    古法黄金 གནའ་ཉམས་གསེར་ཆས།

    海上无人作战方队 མཚོ་ཐོག་མི་མེད་དམག་འཐབ་རུ་སྟར་གྲུ་བཞི།

    换个赛道 འགྲན་ལམ་བརྗེས་པ།

    “即买即退”政策 “འཕྲལ་ཉོ་ཁྲལ་སློག”གི་སྲིད་ཇུས།

    检阅受阅部队 གཟིགས་སྦྲེང་དཔུང་སྡེར་གཟིགས་ཞིབ་གནང་བ། གཟིགས་འབུལ་དཔུང་སྡེར་གཟིགས་ཞིབ་གནང་བ།

    教练机梯队 རྩལ་འཁྲིད་གནམ་གྲུའི་སྐས་དབྱིབས་རུ་སྟར།

    截污 བཙོག་ཆུ་འགོག་གཅོད།

    借壳上市 མིང་གཡར་ཁྲོམ་ཞུགས།

    空降突击方队 མཁའ་མཆོང་འཕྲལ་རྒོལ་རུ་སྟར་གྲུ་བཞི།

    空中护旗梯队 མཁའ་དབྱིངས་དར་སྲུང་སྐས་དབྱིབས་རུ་སྟར།

    绿进沙退 སྔོ་རྒྱས་བྱེ་འཇགས།

    “绿围脖” “སྔོ་ཁེབས་སྐེ་སྒོར་ཅན”

    内核稳定 ཚུགས་པོ།

    能量外泄 ནུས་ཚད་ཕྱི་ཤོར།

    庞氏骗局 ཕང་ཧྲིའི་ཁ་བསླུས། མ་འཇོག་ཁ་བསླུས།

    千足金 གསེར་བཙོ་མ།

    情绪内耗 རང་སེམས་གཟན་པོ།

    散乱污企业 ཐོར་ཟིང་བཙོག་གསུམ་གྱི་ཁེ་ལས།

    三北工程 བྱང་གསུམ་ལས་གཞི།

    “三管四线” “སྦུག་གསུམ་སྐུད་བཞི”

    沙进人退 བྱེ་རྒྱས་མི་བཤོལ།

    商域流量 ཚོང་ཁོངས་བཞུར་ཚད།

    双休刺客 སྤེན་ཉི་དཀྲུག་མཁན།

    双向找茬 ཕན་ཚུན་སྙད་འཚོལ།

    “税捷贷” “ཁྲལ་བརྟེན་མྱུར་བུན”

    坦克方队 ཐན་ཁེའི་རུ་སྟར་གྲུ་བཞི།

    徒步方队 རྐང་ཐང་རུ་སྟར་གྲུ་བཞི།

    网络空间作战方队 དྲ་རྒྱའི་བར་མཐོངས་དམག་འཐབ་རུ་སྟར་གྲུ་བཞི།

    网络清流 དྲ་སྤྱོད་གཙང་མ།

    文脉赓续 རིག་རྒྱུན་འཛིན་སྐྱོང་།

    新赛道 འགྲན་ལམ་གསར་པ།

    新闻铁军 གསར་འགྱུར་དཔུང་ཧྲག

    向上社交 མཐོ་སར་འཇར་མཁས།

    “一证二单” “ལག་ཁྱེར་གཅིག་དང་འཛིན་ཡིག་གཉིས”

    装备方队 གོ་མཚོན་རུ་སྟར་གྲུ་བཞི།

    职场罗曼史 ལས་ཐོག་བརྩེ་དགའི་གཏམ་རྒྱུད།

    资深牛马 མི་རྒན་མྱོང་བ་ཅན། མི་རྒན་རྟ་རྒན།

    二、短语短句 ཚིག་ཐུང་བརྗོད་པ།

    本色做人、角色做事 དྲང་པོའི་མི་བྱེད། རང་འཁྲིའི་ལས་སྒྲུབ། དྲང་པོའི་མི་བྱེད། བདེན་པའི་ལས་སྒྲུབ།

    多病共检、专病提报 ནད་མང་མཉམ་བརྟག ཆེད་ནད་ཆེད་ཞུ།

    含金量、含新量、含绿量 རིན་ཐང་འདུས་ཚད། གསར་མ་འདུས་ཚད། སྔོ་ལྗང་འདུས་ཚད།

    善用十个指头弹钢琴 ①མཛུབ་མོ་བཅུས་ཀང་ཆིན་གཏོང་ཤེས་པ། ②མཐུན་སྦྱོར་གཞོགས་འདེགས་མཁས་པ།

    统筹不代替、到位不越位 གཅིག་གྱུར་འཆར་འགོད་བྱེད་པ་ལས་ངོ་ཚབ་མི་བྱེད་པ། དམིགས་སར་འཁེལ་དགོས་པ་ལས་གནས་བརྒལ་མི་བྱེད་པ།

    “未惜头颅新故国,甘将热血沃中华” རིན་བྲལ་ཚེ་སྲོག་ཀྲུང་གོ་གསར་པར་ཕུལ། ཟུངས་ཁྲག་དྲོན་མོས་ཀྲུང་ཧྭའི་ས་གཞི་བརླན།

    心往一处想,劲往一处使 རིག་པ་གཅིག་ལ་སྒྲིམ་པ་དང་། ནུས་ཤུགས་གཅིག་ལ་འདོན་པ།

    以赛促学、以学提能 འགྲན་བསྡུར་གྱིས་སྦྱོང་སེམས་སྐུལ་བ། སློབ་སྦྱོང་གིས་འཇོན་ཐང་སྐྱེད་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།