དབུ་ཤོག>བོད་ཀྱི་རིག་གནས།>རིག་གནས་པར་མཛོད།
  • གཙང་གསུམ་རླབས་སྒྲས་བསྟོད་གླུ་དབྱངས་སུ་གྱེར། ཆབ་མདོ་གསར་པས་དར་རྒྱས་འབད་འབུངས་བརྩོན།

    ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-30

    འགོ་ཚུགས་མཛད་སྒོའི་ཐོག་གི་མང་ཚོགས་ཀྱི་གཟིགས་འབུལ་རུ་སྟར་གྲུ་བཞི་ཡིན་པ།

    འགོ་ཚུགས་མཛད་སྒོའི་ཐོག་རི་བོ་ཆེའི་གླིང་བྲོ་འཁྲབ་བཞིན་པ།

    མཇུག་འགྲིལ་མཛད་སྒོའི་སྤྱི་ཕན་འཁྲབ་སྟོན་བྱ་ཡུལ་དུ་དགའ་སྤྲོས་འཁོལ་བའི་སློབ་མ།

    ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱ་ཡུལ་དུ་གྲོང་མིས་ལྷོ་རོང་གི་སྤོས་ཉོ་བཞིན་པ།

    སྲིད་གཞུང་དང་ཁེ་ལས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    འགོ་ཚུགས་མཛད་སྒོའི་ཐོག་གི་མང་ཚོགས་ཀྱི་གཟིགས་འབུལ་རུ་སྟར་གྲུ་བཞི་ཡིན་པ།

    ཉེ་ཆར། གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པ་ཆབ་མདོ་གྲོང་ཁྱེར་དུ་ཐུགས་གྲ་ལེགས་འགྲིག་ངང་གཉེར་བ་རེད།

    གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པའི་འགོ་ཚུགས་མཛད་སྒོར་ཆབ་མདོའི་རྫོང(ཆུས)11ནས་ཡོང་བའི་མང་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་གཟིགས་འབུལ་རུ་སྟར་གྲུ་བཞིས་གླུ་ལེན་གར་འཁྲབ་ཀྱིས་ལུས་རྩལ་ཐང་ལ་སྐོར་བ་གཅིག་བརྒྱབ་ནས་སྤྲོ་སེམས་འཁོལ་པོས་སྟེང་ཆེན་གྱི་རལ་པ་དང་། དཔའ་ཉམས་དོད་པའི་རི་བོ་ཆེའི་གླིང་བྲོ། གར་གྱི་སྟངས་སྟབས་མཛེས་པའི་སྨར་ཁམས་ཀྱི་འབའ་གཞས་སོགས་མངོན་མིན་རིག་གནས་ཤུལ་བཞག་ཞབས་བྲོ་འཁྲབ་སྟེ། དེ་གར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་དང་དེ་བཞིན་ལས་རིགས་ཁག་གི་སྐུ་མགྲོན་ཚོར་ཆབ་མདོའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་དང་སྐུ་མགྲོན་ལ་སེམས་རྩ་འཁོལ་བའི་བརྩེ་བ་མངོན་ཡོད།

    དེ་རྗེས་སྲིད་གཞུང་དང་ཁེ་ལས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་དང་། ཚོང་འགུགས་མ་འདྲེན་དང་རིག་གནས་ཡུལ་སྐོར་ཐོན་ལས་ངོ་སྤྲོད་ཚོགས་འདུ། “ཐམས་ཅད་ཤར་དུ་ཕྱོགས་པའི”རྒྱབ་ལྗོངས་འོག་གི་ཐོན་ལས་ཐབས་མང་འཕེལ་རྒྱས་ཀྱི་བསམ་གཞིག་འདུ་ཚོགས་སོགས་ཚོང་འགུགས་མ་འདྲེན་དང་རིག་གནས་ཡུལ་སྐོར་ཐོན་ལས་ངོ་སྤྲོད་ཚོགས་འདུའི་བྱེད་སྒོ་རབ་དང་རིམ་པ་ཐེངས་གསུམ་སྤེལ་བ་རེད།

    ལྷག་པར་དུ་ཚོང་འགུགས་མ་འདྲེན་དང་རིག་གནས་ཡུལ་སྐོར་ཐོན་ལས་ངོ་སྤྲོད་ཚོགས་འདུར་ཆབ་མདོར་རོགས་སྐྱོར་བྱེད་མཁན་ཀྲུང་དབྱང་ཁེ་ལས་11དང་། ཚོང་འགུགས་ཁེ་ལས་ཀྱི་འཐུས་མི། དམངས་གཉེར་ཁེ་ལས་ཀྱི་འཐུས་མི། ཚོང་ཚོགས་ཀྱི་འགན་འཁུར་བ་གཙོ་བོ་སོགས་ཁེ་ལས་དང་ཚོང་ཚོགས་ཀྱི་འཐུས་མི་150ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ཚོགས་འདུར་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྔ་རྗེས་སུ་པེ་ཅིང་ཅིང་ཏུང་དུས་རབས་ཉོ་ཚོང་ཚད་ཡོད་ཀུང་སི་དང《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་པ་དང་། ཀོང་ཏུང་ཞིང་ཆེན་ནུས་རྒྱུ་ཚོགས་པ་ཚད་ཡོད་ཀུང་སི་དང《ནུས་རྒྱུ་གཙང་མའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན》བཞག་པ། སྨར་ཁམས་རྫོང་སྒར་ཐོག་གི་100MWཡི་རླུང་གློག་རྣམ་གྲངས་གསར་སྤེལ་དང་། དཔའ་ཤོད་ཀྱི་ཨར་འདམ་སྔོན་བཟོས་ལྷུ་ལག་དང་ཨར་སྐྲུན་རྒྱུ་ཆའི་ཐོན་ལས་གླིང་གི་རྣམ་གྲངས། དཔའ་ཤོད་རྫོང་གི་ཆན་ཝ་ཁྲི་45ཟིན་པའི་འོད་ཤུགས་རྣམ་གྲངས། རྒྱ་བོད་རིག་གནས་སྤེལ་རེས་ཁང·ཟས་རིགས་གཤོམ་སྟོན། སྤྲིན་སྟེང་ཡུལ་སྐོར་ལས་དོན་ཁང་སོགས་ཀྱི་རྣམ་གྲངས་17ལ་གན་རྒྱ་བཞག་པར་གན་འཇོག་མ་དངུལ་སྒོར་དུང་ཕྱུར་27.92ཟིན་པ་དེས་ཆབ་མདོ་གྲོང་ཁྱེར་གྱི་ཐོན་ལས་རིམ་སྤོར་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་། ཁ་གསབ། རྒྱ་སྐྱེད་བཅས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།