མ་ནོར། །
དགོས་པའི་སློབ་ལ་ངར་ཤུགས་མི་བསྐྱེད་པར། །
མི་དགོས་དགེན་ལ་མི་འདོད་རྒོལ་ནུས་ན། །
སློབ་མ་རྒོད་པོ་ཡིན་པའི་རྟགས་མིན་པས། །
ངར་ཤུགས་སྐྱེད་ས་མ་ནོར་སློབ་ཕྲུག་ཚོ། །
དགོས་པའི་དཔེ་དེབ་དགའ་མར་མི་འགྲོགས་པར། །
མི་དགོས་ཕན་ཚུན་དགའ་རོགས་བསྒྲིགས་ནུས་ན། །
སློབ་མ་གྲུང་པོ་ཡིན་པའི་རྟགས་མིན་པས། །
དགའ་རོགས་སྒྲིག་ས་མ་ནོར་སློབ་ཕྲུག་ཚོ། །
དགོས་པའི་དཀའ་སྡུག་གདོང་ལེན་མི་ནུས་པར། །
མི་དགོས་གཉོམ་ཆུང་སློབ་མར་བརྙས་ནུས་ན། །
སློབ་མ་འཇོན་པོ་ཡིན་པའི་རྟགས་མིན་པས། །
རྫིག་ཉམས་སྟོན་ས་མ་ནོར་སློབ་ཕྲུག་ཚོ། །
དགོས་པའི་སློབ་ལ་འགྲན་རྩོད་མི་བྱེད་པར། །
མི་དགོས་རྒྱས་སྤྲོས་འཚོ་བར་འགྲན་སོང་ན། །
སློབ་མ་རྫིག་པོ་ཡིན་པའི་རྟགས་མིན་པས། །
འགྲན་རྩོད་བྱེད་ས་མ་ནོར་སློབ་ཕྲུག་ཚོ། །
འབྲེལ་ཡོད་གསར་འགྱུར།