ཁྱུག་དབྱིངས་སྒྱུ་མའི་གར་ལ་གཟིགས་འདོད་ན། །
ཁྱུག་དབྱིངས་སྒྱུ་མའི་གར་ལ་གཟིགས་འདོད་ན། །
རང་གི་ལུགས་ལ་གཏད་སོ་ཡོད་དགོས་ཏེ། །
རང་ལུགས་མི་འཛིན་གང་ལའང་ཡིད་གཏད་ན། །
ཁྱུག་དབྱིངས་ནང་དུ་ལོག་ལྟ་སྣ་ཚོགས་ཡོད། །
ཁྱུག་དབྱིངས་སྒྱུ་མའི་གར་ལ་གཟིགས་འདོད་ན། །
བདེན་རྫུན་དཔྱོད་པའི་བློ་མིག་གསལ་དགོས་ཏེ། །
བདེན་རྫུན་མི་དཔྱོད་གང་ལའང་ཡིད་ཆེས་ན། །
ཁྱུག་དབྱིངས་ནང་དུ་ཁྲམ་པ་མང་པོ་ཡོད། །
ཁྱུག་དབྱིངས་སྒྱུ་མའི་གར་ལ་གཟིགས་འདོད་ན། །
རང་སེམས་སྲུང་བའི་སྡོམ་པ་ཡོད་དགོས་ཏེ། །
རང་སེམས་རྟ་རྒོད་སྒྲོག་ལས་ཤོར་གྱུར་ན། །
ཁྱུག་དབྱིངས་ནང་དུ་འཕྱོན་མ་མང་པོ་ཡོད། །
ཁྱུག་དབྱིངས་སྒྱུ་མའི་གར་ལ་གཟིགས་འདོད་ན། །
རང་ཚུགས་རྡོ་རྗེའི་བྲག་ལས་བརྟན་དགོས་ཏེ། །
རང་ཚུགས་མི་བརྟན་སྤྲིན་ལྟར་གཡོ་བྱས་ན། །
ཁྱུག་དབྱིངས་ནང་དུ་སྲོལ་ངན་མང་པོ་ཡོད། །
འབྲེལ་ཡོད་གསར་འགྱུར།