ཚུགས་ཐུབ་ཀྱིས་ལམ་ལ་ཆས་འགྲོ །
སྔོན་ཆད།
མི་འདོད་པ་ཡོད་ཚད་སྙིང་གིས་མི་བཟོད་པས།
གང་དྲན་ཇི་བཞིན་དུ་བརྗོད་པའི་གནས་སྐབས་ཤིན་ཏུ་མང་།
གང་དྲན་བརྗོད་ཞོར་དུ།
གཞན་སེམས་དཀྲུག་ཞོར་དུ།
རང་སེམས་ཀྱང་རླབས་བཞིན་འཁྲུགས་པ་བགྲང་གིས་ག་ལ་ལངས།
ད་ཆ།
མི་འདོད་པ་འགའ་རེ་བཙན་གྱིས་འགོག་མི་དགོས་པར།
རང་བཞིན་གྱིས་བརྗོད་འདོད་གཏན་ནས་མེད།
སྨྲ་བ་སྡོམ་ཞོར་དུ།
བསླབ་བྱ་ལེན་ཞོར་དུ།
རང་སེམས་ཀྱང་བལྟོས་བཅས་ཀྱིས་ཞི་ཞིང་འཇམ།
མ་འོངས་པར།
ས་གཞི་གཡོ་ཞིང་རི་བོ་ཉིལ་ན་ཡང་།
ནམ་མཁའ་རྡིབ་ཅིང་ཆུ་བོ་གྱེན་དུ་འཕྱུར་ན་ཡང་།
གཞན་ལ་བཟོད་པ་སྒོམ་གྱིན།
རང་ལ་གཟབ་གཟབ་བྱེད་ཀྱིན།
ཚུགས་ཐུབ་ཀྱིས་ལམ་ལ་ཆས་འགྲོ།
འབྲེལ་ཡོད་གསར་འགྱུར།