དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • བོད་ལྗོངས་ཀྱི་བརྙན་ཐུང་འགྲན་བསྡུར་སྐབས་དང་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-23

    ཚེས་19ཉིན། རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་གཙོ་གཉེར་དང་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་མཐུན་ཚོགས་ཀྱིས་གཉེར་རོགས་བྱས་པའི“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བའི”བོད་ལྗོངས་ཀྱི་བརྙན་ཐུང་འགྲན་བསྡུར་སྐབས་དང་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོ་དེ་2025ལོའི་ཟླ་4པར་གཉེར་འགོ་ཚུགས་ཤིང་། ལྗོངས་ཕྱི་ནང་གི་འཁྲབ་ཚན་ཐུང་གྲས་དང་། བསམ་བཀོད་འཁྲབ་གཞུང་། བརྙན་ཐུང་བཅས་ཁྱོན་170ལྷག་ཙམ་འབྱོར་ཡོད། རིགས་གཅིག་མཁས་ཅན་དང་དཔྱད་འདེམས་ཨུ་ལྷན་གྱིས་ཞིབ་དཔྱད་རེས་སྐོར་མང་པོ་བྱས་པ་བརྒྱུད། འཁྲབ་ཚན་ཐུང་གྲས《ཁམ་བུའི་མེ་ཏོག་རབ་ཏུ་བཞད་སར་བསྐྱོད་པ》དང་། ཟློས་གར་ཐུང་གྲས་ཀྱི་འཁྲབ་གཞུང《ས་མཐོར་ཞབས་བྲོ་འཁྲབ》 བརྙན་ཐུང《ཉི་འོད་ཕོག་ཟུར་ཞིག》སོགས་ཕུལ་བྱུང་བརྩམས་ཆོས་43ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།