མྱང་ཆུའི་ངོགས་ཀྱི་ངོ་མཚར་སྟོན་མོ།
—— 2025ལོའི་རྒྱལ་རྩེ་མདའ་མང་དུས་ཆེན་རིང་གི་མཐོང་ཐོས།
འདི་ནི་རྒྱུག་ཕྲུག་ཚོས་རྟ་ཕོ་ལྕག་གིས་བསྐུལ་ནས་རྒྱལ་ཁའི་ཕྱོཌ་སུ་རྒྱུག་བཞིན་པ།
འདི་ནི་འགྲན་ཞུགས་པས་རྡོ་བཀྱགས་ནས་ཤེད་ཤུགས་ངོམ་བཞིན་པ།
འདི་ནི་འགོ་ཚུཌ་མཛད་སྒོའི་ཐོག་གི་འགྲན་ཞུཌ་རྟ་པའི་རུ་སྟར་གྲུ་བཞི་ཡིན་པ།
འདི་ནི་ནས་ཀྱི་ཞིམ་ཟས་འགྲེམས་ཁུལ་དུ་ཡུལ་སྐོར་བས་ནས་ཀྱི་ཐོན་རྫས་ཉོ་བཞིན་པ།
འདི་ནི་ཐག་འཐེན་འགྲན་བསྡུར་བྱེད་བཞིན་པ།
འདི་ནི་རིག་རྩལ་འཁྲབ་སྟོན་ལ་ཤང་དང་གྲོང་རྡལ་ཁག་གི་འཐུས་མི་རུ་ཁག་གིས་འགྲན་བསྡུར་བྱེད་བཞིན་པ།
འདི་ནི་རྒྱུག་ཕྲུག་གཉིས་ཀྱིས་རྟ་ཕོ་བསྐུལ་ནས་རྒྱལ་ཁ་བརྩོན་ལེན་བྱེད་བཞིན་པ།
འདི་ནི་མཛད་སྒོའི་ཐོག་ལོ་ལེཌ་མཚོན་པའི་ཚར་ལྕོག་ཁུར་ནས་སྐྱོད་བཞིན་པ།
ཟླ་བ་དགུ་པའི་མྱང་ཆུའི་ངོགས་སུ་ཞོགས་པའི་ཉི་ཟེར་ཐོག་མ་དེ་རྫོང་རིར་འཕྲོ་སྐབས། རྒྱལ་རྩེ་རྫོང་གི་མི་རིགས་ཁག་གི་མང་ཚོགས་རྣམས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་2025ལོའི་རྒྱལ་རྩེ་མདའ་མང་དུས་ཆེན་གྱི་བྱེད་སྒོ་ཁག་ལ་ཞུགས། དུས་ཡུན་ཉིན་དྲུག་ཡོད་པའི་དུས་ཆེན་དེ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ལེགས་སྐྱེས་ཤིག་རེད་ལ། དུས་རབས་གསར་པའི་མཐའ་མཚམས་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད།
འགོ་ཚུགས་མཛད་སྒོའི་ཐོག རྔ་སྒྲ་གྲགས་པ་དང་དུས་གཅིག་ཏུ་གྱི་ལིང་རྟ་མཆོག་100ཡིས་བང་རྩལ་ངོམ་བཞིན་འགྲན་རར་ཐོན། རྟ་པ་རྣམས་ཀྱིས་ལག་ཏུ་རྒྱལ་དར་བཟུང་ཞིང་། དེའི་རྗེས་ཀྱི་རུ་སྟར་གྲུ་བཞིས་སྲོལ་རྒྱུན་དང་དེང་རབས་ཀྱི་འཁྲབ་སྟོན་བྱས་ཏེ། རྒྱལ་རྩེ་མི་དམངས་ཀྱིས་ཏང་གི་བཀའ་དྲིན་གཏིང་ཟབ་ཚོར་ལུགས་དང་། མེས་རྒྱལ་ལ་དགའ་ཞེན་ཚད་མེད་བྱེད་ལུགས། བོད་ལྗོངས་དར་རྒྱས་གོང་འཕེལ་ཡོང་བར་སྨོན་འདུན་བཟང་པོ་ཞུ་ལུགས་བཅས་མཚོན་པར་བྱས་པ་རེད།
ལོ་རེའི་མདའ་མང་དུས་ཆེན་གྱི་རྟ་རྒྱུག་འགྲན་བསྡུར་གྱིས་ཀུན་གྱི་ཡིད་དབང་འཕྲོག་སྟེ་རྟ་རྒྱུག་ཐང་དུ་ལྟད་མོ་བ་མང་པོ་སླེབས་ཀྱི་ཡོད་ཅིང་། ཐོན་མདའ་གྲགས་པ་དང་བསྟུན་ནས། རྟ་མཆོག་ཚང་མ་མདའ་མོ་གཞུ་ལས་བྲལ་བ་བཞིན་རྒྱུག་པ་དང་། རྒྱུག་ཕྲུག་ཚོས་རྟ་ཕོ་ལྕག་གིས་བསྐུལ་ནས་མདུན་གྲལ་དུ་སླེབས་ཐབས་བྱས། ཁོ་ཚོའི་ཞུམ་མེད་སྙིང་སྟོབས་ཀྱིས་རྒྱལ་རྩེ་དཔའ་བོའི་གྲོང་གི་རྗེས་རབས་པ་ཚོར་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བར་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ལྕག་སྐུལ་བྱས།
ངོ་སྤྲོད་བྱས་པར་གཞིགས་ན། ལོ་མང་རིང་འཕེལ་རྒྱས་བཏང་བ་བརྒྱུད། རྒྱལ་རྩེའི་ནས་ཀྱི་ཐོན་ལས“ཚན་ཞིབ་ལ་བརྟེན་ནས་སོན་གསོ་དང་། ལས་སྣོན་ཞིབ་ཚགས། སྤུས་རྟགས་ཚོང་སྒྱུར”བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་མ་ལག་ཅིག་ཆགས་ནས། 2024ལོར་ལས་སྣོན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.48ཟིན་པ་དེ་དུས་མཚུངས་ལས་66%འཕར་ཞིང་། ཐོན་རྫས་ཧྲང་ཧའེ་དང་ཀོང་ཀྲོའུ་སོགས་རིམ་པ་དང་པོའི་གྲོང་ཁྱེར་དུ་འཚོང་གི་ཡོད་པ་མ་ཟད། ད་དུང་རྒྱལ་སྤྱིའི་གར་སྟེགས་ཐོག་ཏུའང་སླེབས་ཡོད་པ་རེད།
དུས་ཆེན་རིང་མདའ་རྩལ་འགྲན་བསྡུར་དང་། རིག་རྩལ་འཁྲབ་སྟོན། ཚོང་འདུས་སོགས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྣ་མང་སྤེལ་བར་ཞིང་འབྲོག་པ་དང་ཡུལ་སྐོར་བ་མང་པོ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།