དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མཚར་གཏམ་ཐོས་པ་འཛུམ་ཤོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-21

    ཡི་གེ་འབྲི་ཀློག་མི་ཤེས་ཀྱང་ཤེས་ཡོན་ཅན་གྱི་ཉམས་འདོན་པར་དགའ་བའི་མི་ཞིག་གིས། ཚགས་པར་ཞིག་ཉོས་ནས་ལྟ་ཁུལ་བྱས་ཀྱང་། ཚགས་པར་མགོ་རྟིང་ལོག་ཡོད་པས། ཁོའི་འཁྲིས་སུ་བསྡད་ཡོད་པའི་ཤེས་ཡོན་ཅན་ཞིག་གིས་མཚང་འདྲུའི་ཆེད་དུ། སྐུ་ཞབས་ལགས། ཚགས་པར་ཐོག་གསར་འགྱུར་ག་རེ་འཁོད་འདུག་གམ་ཞེས་སྐད་ཆ་དྲིས།

    དྲན་རྒྱུ་རྒོད་པའི་མི་དེས་ཚགས་པར་ཐོག་བཀོད་པའི་རླངས་འཁོར་གྱི་པར་རིས་ལ་ལྟ་བཞིན་དུ་ཧང་སངས་མདོག་ངང་། བྱས་མི་འདུག ཡང་འགྲིམ་འགྲུལ་ལས་འཛོལ་བྱུང་འདུག་ཅེས་བཤད། ཤེས་ཡོན་ཅན་དེས་དགོད་བཞིན་དུ། ཡིན་གྱི་མ་རེད། ངས་ཡི་གེར་བལྟས་ཀྱང་གནས་ཚུལ་དེ་འདྲ་འཁོད་མི་འདུག་ཅེས་བཤད་པར། མི་དེས་འཚབ་འཚུབ་དང་བཅས། ཡིན་དགོས་བྱུང་། ཡིད་མ་ཆེས་ན་འདྲ་པར་འདིར་གཟིགས་དང་། རླངས་འཁོར་གྱི་འཁོར་ལོ་ཚང་མ་གནམ་ལ་བསྟན་མི་འདུག་གམ་ཞེས་ལྡོག་འདྲི་བྱས་སོ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།