དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལོ་ངོ་དྲུག་ཅུའི་དུས་སྟོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁང་དམར་ཚེ་དབང་།   |     སྤེལ་དུས།  2025-09-21

    རླབས་ཆེན་ཏང་གི་སྲིད་བཟང་ཉིན་བྱེད་ཀྱི། །

    མཛད་འཕྲིན་འོད་ཀྱི་ཟེར་བརྒྱ་ས་མཐོར་འཕྲོས། །

    ལུགས་རྙིང་སྨག་རུམ་བཅོམ་སྟེ་གངས་ལྗོངས་སུ། །

    སྤྱི་ཚོགས་རིང་ལུགས་ལམ་བཟང་གསར་དུ་བཏོད། །


    རང་ལུས་རང་དབང་ཐོབ་པས་ཀུན་སེམས་མྱོས། །

    ཏང་གི་བཀའ་དྲིན་མི་དྲན་སུ་ཞིག་མཆིས། །

    གླུ་དང་གར་སོགས་བསྟོད་པ་སྣ་ཚོགས་པས། །

    མེས་རྒྱལ་དར་ཞིང་རྒྱས་པའི་སྨོན་འདུན་ཞུ། །


    རང་ལྗོངས་དབུ་བརྙེས་དྲུག་ཅུའི་དུས་སྟོན་ལ། །

    གཟབ་མཆོར་ལེགས་པར་སྤྲས་ནས་རྟེན་འབྲེལ་ཞུ། །

    སྣང་བ་སྐྱིད་པོས་གླུ་དབྱངས་སྙན་མོ་ལེན། །

    སྟངས་སྟབས་འཁྲུག་པོས་བྲོ་ཡི་སྟོན་མོ་བཤམས། །


    ཡིད་ལ་འཁོར་ཚད་ཏང་གི་བཀའ་འདྲིན་དང་། །

    ངག་ནས་བརྗོད་ཚད་བདེ་སྐྱིད་འཚོ་བ་ཡིན། །

    རང་ལུས་རང་དབང་འདི་ལ་དགའ་བ་སྒོམས། །

    མ་འོངས་འདུན་པ་བསམ་ནས་སྙིང་སྟོབས་བསྐྱེད། །


    མཐུན་སྒྲིལ་བརྟན་ལྷིང་བདེ་སྐྱིད་འབྱུང་བའི་གཞི། །

    ཁ་ཕྲལ་ཟིང་སློང་བྱས་ན་ཆག་སྒོའི་རྒྱུ། །

    ཡིན་པར་ངེས་ནས་གངས་ལྗོངས་འབྱུང་འགྱུར་སླད། །

    འབད་འབུངས་ཡར་བརྩོན་དུས་རབས་གསར་པ་སྐྱོད། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།