ཆ་འགྲིག་ཡིན།
དགའ་སྐྱོ་འདྲེས་མའི་འཁོར་བའི་ཚལ་འདི་རུ། །
སེམས་དང་སེམས་པ་གཅིག་ལ་གཅིག་གཏད་ཡིན། །
ལས་ཀྱི་བཞད་པའི་མེ་ཏོག་དཀར་དམར་ཟུང་། །
འཁོར་བའི་སྐྱེད་ཚལ་འདི་རུ་ཆ་འགྲིག་རེད། །
སྐྱི་བསེར་རླུང་བུའི་འགྲོས་ཀྱི་སྟངས་སྟབས་ཁྲོད། །
ལོ་མ་ང་ཡང་ལྡེམ་ལྡེམ་གར་ལ་ཞུགས། །
དྲི་བཞོན་བུ་མོས་གོམ་མཚམས་མ་བཞག་ན། །
ལོ་མ་ང་གཉིས་ཆ་འགྲིག་ཡང་འགྲིག་རེད། །
ཁྲི་ཤོར་རྒྱལ་མོའི་པང་ཁ་དྲོན་མོ་ན། །
གཤོག་ཟུང་གར་ལ་རྩེན་མཁན་ཟུང་གཅིག་ཡོད། །
རླབས་ཀྱི་ཕོ་ཉ་དང་ནི་ངང་ཕྲུག་གཉིས། །
མཚོ་སྙིང་དེ་རུ་ཨ་འགྲིག་ཆ་འགྲིག་རེད། །
དགའ་ཞེན་དུང་མཚོ་འཕྱུར་བའི་འཇིག་རྟེན་ན། །
བརྩེ་བའི་འོ་མ་གདུ་བའི་ན་ཆུང་མ། །
གཏམ་དང་མི་ཁའི་ཁྲོད་དུ་ངུ་དགོས་མེད། །
བརྩེ་ལྡན་གཞོན་ནུ་ཁྱེད་གཉིས་ཆ་འགྲིག་རེད། །
འབྲེལ་ཡོད་གསར་འགྱུར།