བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།
པེ་ཅིང་མཁར་གྱི་རྩེ་ནས། །
གསེར་མདོག་ཉི་མ་ཤར་བྱུང་། །
གངས་ལྗོངས་ས་མཐོའི་ཡུལ་ལ། །
དཔྱིད་ཀྱི་དཔལ་ཡོན་བཞད་སོང་། །
བགྲང་བྱ་དྲུག་ཅུའི་འཕོ་འགྱུར། །
བཤད་ནས་རྫོགས་རྒྱུ་མི་འདུག །
འཚོ་བ་གསར་པའི་ལོངས་སྤྱོད། །
སུམ་རྩེན་གནས་ལས་སྐྱིད་པ། །
སློབ་གསོ་འཕྲོད་བསྟེན་ཚན་རྩལ། །
ཡར་ངོའི་ཟླ་ལ་འགྲན་པ། །
དམངས་ཕན་ཞབས་ཞུའི་སྲིད་ཇུས། །
དུས་ཐོག་སྦྲང་ཆར་འདྲ་བྱུང་། །
འགྲིམ་འགྲུལ་གློག་ཤུགས་འཐུང་ཆུར། །
འགྱུར་ལྡོག་རླུང་གཤོག་རྒྱུག་རྩལ། །
འཚོ་བ་གསར་པའི་བསྟོད་གླུ། །
རླབས་ཆེན་ཏང་ལ་འབུལ་ལོ། །
གནམ་ལ་ལྕགས་བྱ་འཕུར་སོང་། །
ས་ལ་གཡུ་འབྲུག་འཁྱུག་སོང་། །
བོད་ནས་པེ་ཅིང་བར་ལ། །
གསེར་གྱི་ཟམ་པ་བཙུགས་ཡོད། །
སྨན་བཅོས་འགན་སྲུང་ལམ་ལུགས། །
བདེ་ཐང་འཚོ་བའི་ཉིན་བྱེད། །
སློབ་གསོའི་སྦྲང་ཆར་ཟིལ་མས། །
ཕུགས་བསམ་མེ་ཏོག་བཞད་སོང་། །
ཨ་མ་འཛོམས་པ་ལྷ་མོས། །
སྙན་པའི་གླུ་དབྱངས་བླངས་སོང་། །
ཨ་ཕ་སྐལ་བཟང་བག་གྲོས། །
དངུལ་ཕོར་ཞབས་དག་བརྒྱབ་སོང་། །
གངས་ལྗོངས་རི་ཀླུང་ཀུན་ལ། །
འབྱོར་ཕྱུག་མེ་ཏོག་བཞད་སོང་། །
འཚོ་བ་གསར་པའི་གཏམ་བཟང་། །
དྲི་བཞོན་བཞིན་དུ་ཁྱབ་སོང་། །
རླབས་ཆེན་ཏང་གི་བཀའ་དྲིན། །
ཡར་ཀླུང་གཙང་པོའི་རྒྱུན་རེད། །
དམངས་སེམས་ཞིང་ས་གཤིན་པོར། །
བདེ་སྐྱིད་མྱུ་གུ་འབུས་སོང་། །
ཁ་བཏགས་ཨ་ཤེ་ཁྱེར་ནས། །
དགའ་བའི་བྲོ་གར་འཁྲབ་ཡོད། །
བགྲང་བྱ་དྲུག་ཅུ་འཁོར་བར། །
བཀྲ་ཤིས་རྟེན་འབྲེལ་ཞུས་ཡོད། །
འབྲེལ་ཡོད་གསར་འགྱུར།