དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མཛའ་གཞས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རྡོ་རྗེ་ཐར་ལམ།   |     སྤེལ་དུས།  2025-08-31

    ཞལ་སྒོར་སྒོར་ཟླ་བའི་མདངས་ལ། །

    སྤྱན་ཁྲ་ཆུང་གཟི་ཡི་མཛེས་པ། །

    ཁ་མཆུ་སྒྲོས་མཁུར་ཚོས་དམར་བ། །

    མིག་རྫི་མ་ཅོ་ཀ་འགྱུར་འདྲ། །


    བྲང་མྱོས་བུམ་དུང་དཀར་ཟུང་གཅིག །

    ལུས་སྐྱེ་གཟུགས་ཚིག་དྲུག་སྨྱུག་མ། །

    འགྲོ་གོམ་པའི་སྟངས་སྟབས་སྒྱུར་དུས། །

    མཛེས་ལང་ཚོ་དབྱར་གྱི་མེ་ཏོག །


    ཡིད་མཛའ་དུང་ཕྱི་ཐག་རིང་ལ། །

    འདང་ཞེ་རྩིས་སྲོག་གིས་གཅེས་པའི། །

    ཁྱོད་ཟེར་ནོ་དྲན་ཐེངས་རེ་ལ། །

    སྙིང་དམར་པོའི་འཕར་རྩ་ལྡིང་ཐལ། །


    དྲན་དྲགས་པའི་གདུང་བ་ལྕི་མོ། །

    བཤད་མ་ཐུབ་མགྲིན་པར་ལུས་སོང་། །

    ཞེ་དམར་པོའི་དཀྱིལ་གྱི་སྙིང་སྡུག །

    བརྗེད་མི་སྲིད་སེམས་ཀྱི་དྲན་རྟེན། །


    སྡེ་མི་ཁའི་རླུང་བུ་ལྡང་ནས། །

    སེམས་དམར་པོ་གྲང་མོར་བཏང་རུང་། །

    ཁྱོད་འུ་གཉིས་དམ་བཅའི་རི་མོ། །

    འགྱུར་མི་སྲིད་གཙང་པོའི་གཞུང་ཡིན། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།