མངོན་མིན་རིག་གནས་ཤུལ་བཞག་དར་ཞིང་རྒྱས། རྒྱུན་འཛིན་བྱ་གཞག་གསོན་ཤུགས་རབ་ཏུ་འཕེལ།
འདི་ནི་ཉེ་ཆར་སྤོས་བཟོ་རྩལ་གྱི་གྲོང་ཁྱེར་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེས་ལྷ་སར་སྤོས་བཟོ་བཞིན་པ།
འདི་ནི་ཉེ་ཆར་རྫ་བཟོ་བ་ཞིག་གིས་རྫ་ཆས་བཟོ་བཞིན་པ།
ལོ་མང་རིང་། བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་རྒྱུན་ཆད་མེད་པར་ཤུགས་བརྒྱབ་པས། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁག་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ནུས་ལྡན་ཐུབ་ཡོད། 2012ལོ་ནས་2024ལོའི་བར། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ནས་རིམ་རྩིས་བརྒྱབ་ན་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་4.73བཏང་བ་དེ་དག་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོང་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཐོ་འགོད་ལས་དོན། ཁྲིད་སྦྱོང་བྱེད་སྒོ་སྤེལ་བ་དང་དེ་བཞིན་སྲུང་སྐྱོང་བེད་སྤྱོད་ཀྱི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་ཐད་སྤྱད་ཡོད་པ་རེད། བོད་ལ་ད་ཆ་རིམ་པ་ཁག་དང་རིགས་ཁག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་2760དང་རྒྱུན་འཛིན་པ་1668ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།