དབུ་ཤོག>བོད་ཀྱི་རིག་གནས།>རིག་གནས་པར་མཛོད།
  • ལོ་ངོ་དྲུག་ཅུར་བསྟོད་གླུ་འབུལ། དུས་རབས་གསར་པ་འཛུམ་གྱིས་བསུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཆོས་བཟང་། དཀོན་མཆོག་སྒྲོལ་མ། བསོད་ནམས་མཚོ་མོ། པ་སངས་ཚེ་རིང་།   |     སྤེལ་དུས།  2025-08-30

    འདས་ཟིན་པའི་བགྲང་བྱ་དྲུག་ཅུ་སྙན་འཇེབས་ལྡན་པའི་གླུ་དབྱངས་དང་འདྲ་ལ་སྣུམ་ཚོན་རི་མོ་ཞིག་དང་ཡང་ཀུན་ནས་མཚུངས། ཉིན་ཤས་གོང་། བོད་ལྗོངས་ཟློས་གར་ཁང་ཆེན་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས《གངས་ལྗོངས་སྙན་དབྱངས》ཞེས་པ་གཟབ་རྒྱས་ངང་འཚོགས་ཤིང་། བརྩེ་བ་ཟབ་མོས་ཕྱུག་པའི་མིག་ཡིད་རྣ་བའི་དགའ་སྟོན་དེ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསྟོད་གླུ་ཕུལ་བ་ཞིག་རེད་ལ། གངས་ལྗོངས་ཀྱི་བུ་ཕྲུག་ཚོའི་ཟོལ་མེད་ཀྱི་བརྩེ་སེམས་མཚོན་པ་ཞིག་དེ་བས་རེད།

    ཨཱ…… ཨཱ…… ཐུགས་རྗེ་ཆེ། ཁྱེད་ནི་ང་ཡི་ཚེ་སྲོག་གི་དཔྱིད་དཔལ་ཡིན་ཞེས་སྒྲ་འཛིན་བུ་གར་གྲགས་པའི་གླུ་དབྱངས་ཀྱི་འགྱུར་ཁུག་སྙན་མོ་དང་བསྟུན་ནས་མཚན་ཚོགས་འགོ་ཚུགས་པ་དང་། 《བདེ་སྐྱིད་ཀྱི་འགོ་འཛུགས་ས》དང་། 《མཆོང་སྐྱོད་ཀྱི་བོད་ལྗོངས》《རྒྱང་སྐྱོད་གསར་པ》《མཛེས་པའི་ཕ་ཡུལ》《ཀ་ལ་གྲོང་ཚོའི་དགོད་སྒྲ》སོགས་སྙན་འཇེབས་ལྡན་པའི་གྲུ་དབྱངས་དང་བོད་རིགས་ཀྱི་སྲོལ་རྒྱུན་ཁྱད་ཆོས་ལྡན་པའི་ཞབས་བྲོ་དག་ལས་གུང་ཁྲན་ཏང་གི་སྲིད་ཇུས་བཟང་པོའི་འོག་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ལས་དབང་ལ་ཁ་ལོ་བསྒྱུར་ནས་རང་ཁྱིམ་རང་བདག་བྱུང་བ། ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན་ནས་གང་ས་ཅི་ཐད་ལ་ཡར་ངོའི་ཟླ་ལྟར་འཕེལ་བའི་རྣམ་པ་བཟང་པོ་མངོན་པ་མཚོན་ལ། སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་གངས་ལྗོངས་ས་མཐོའི་ཕྱོགས་བཞིར་ལྡང་སྟེ། དཔྱིད་དཔལ་བཞད་པའི་ས་ཆ་འདིར་གསོན་ཤུགས་གསར་པ་རྒྱས་ནས་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བ་དང་འཕོ་འགྱུར་ཆེན་པོ་ཕྱིན་པའང་གང་ལེགས་མཚོན།

    《ཁྱེད་ལ་ཐུགས་རྗེ་ཆེ་ཞུ》ཞེས་པའི་གླུ་དབྱངས་ཀྱི་འགྱུར་ཁུག་ཁྲོད་མཚན་ཚོགས་ལ་རྗོགས་ཤད་ཅིག་བཀོད་ནའང་། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆོད་སེམས་ཡུན་ནས་ཡུན་དུ་བརྟན་ལ། བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་འཁྲབ་སྟོན་པ་དང་ལྟད་མོ་ལྟ་མཁན་ཡོད་དོ་ཅོག་གི་ངོ་གདོང་ནས་རང་བཞིན་དུ་མངོན་འོང་།

    འདི་ནི་ཞབས་བྲོ《འཕོ་འགྱུར་ཆེ་བའི་ས་མཐོ》ཞེས་པ་འཁྲབ་བཞིན་པ།

    འདི་ནི་འཁྲབ་སྟོན་པས་ཞབས་བྲོ《ཞིང་རའི་མཛེས་མ་ལྔ》ཞེས་པ་འཁྲབ་བཞིན་པ།

    འདི་ནི་འཁྲབ་སྟོན་པས་ཞབས་བྲོ《ངེད་ཚོ་ཚང་མ་སྤུན་ཉེ་ཡིན》ཞེས་པ་འཁྲབ་བཞིན་པ།

    འདི་ནི་འཁྲབ་སྟོན་པས《ཀ་ལ་གྲོང་ཚོའི་དགོད་སྒྲ》ཞེས་པ་འཁྲབ་བཞིན་པ། ཆོས་བཟང་། དཀོན་མཆོག་སྒྲོལ་མས་པར་བརྒྱབ།

    འདི་ནི་འཁྲབ་སྟོན་པས་ཞབས་བྲོ《ངེད་ཚོ་ཚང་མ་སྤུན་ཉེ་ཡིན》ཞེས་པ་འཁྲབ་བཞིན་པ། བསོད་ནམས་མཚོ་མོ། པ་སངས་ཚེ་རིང་གིས་པར་བརྒྱབ།

    འདི་ནི་འཁྲབ་སྟོན་པས་གླུ་གར《གཅིག་སེམས་གཅིག་མཐུན་ངང་དུས་རབས་གསར་པར་རོལ》ཞེས་པ་འཁྲབ་བཞིན་པ།

    འདི་ནི་ཞབས་བྲོ《འཕོ་འགྱུར་ཆེ་བའི་ས་མཐོ》ཞེས་པ་འཁྲབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།