དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་བཟང་ངོམ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-17

    འདི་ནི་གཟབ་མཆོར་ལེགས་པར་སྤྲས་པའི་མང་ཚོགས་ཀྱིས་གསར་བརྗེའི་གླུ་གཞས་བཏང་སྟེ་བདེ་སྐྱིད་འཚོ་བར་བསྟོད་གླུ་འབུལ་བ།

    འདི་ནི་ཁེ་ལས་ཀྱི་ལས་བཟོས་ཁྲི་སྒང་གྲོང་ཚོའི་ཏང་གི་ལོ་རྒྱུས་ཁང་དུ་ལྟ་སྐོར་སློབ་སྦྱོང་བྱེད་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས“མལ་གྲོའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོའི་ལག་རྩལ་རྒྱུན་འཛིན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་མཉམ་འདྲེས་བྱས་ཏེ། ལག་ཤེས་འགྲེམས་སྟོན་དང་གསར་བརྗེའི་གླུ་གཞས་བཏང་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕྱག་རྟགས་ཕུལ་བ་རེད། བྱེད་སྒོའི་ནང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་སྙིང་སྟོབས། དེང་རབས་ཁེ་ལས་བཅས་མཉམ་འདྲེས་བྱས་ཏེ། “མངོན་མིན་རིག་གནས་ཤུལ་བཞག་དང་གསར་བརྗེའི་རིག་གནས”ཁེ་ལས་སུ་དར་བར་བྱེད་པའི་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལ་གསར་བརྗེའི་ནང་དོན་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།