དབུས་གཙང་ཁུལ་གྱི་ཚིག་རྒྱག
ཐོ་རེངས་སྐར་མ་འོད་ཆེན། །
དེ་འདྲའི་ཧམ་པ་ཚ་ལ། །
སྐར་མ་ཡིན་ན་ཆེ་སོང་། །
ཟླ་བ་ཡིན་ན་ཆུང་སོང་། །
ཁྱོད་རང་ལོ་རྟགས་སྟག་རེད། །
ལྟ་བ་མཐོན་པོ་མ་གནང་། །
ང་རང་ལོ་རྟགས་བྱ་རེད། །
བྱ་བ་འཕྱུགས་ཀྱི་མ་རེད། །
ཁྱོད་ནི་གསེར་གྱི་སྐུ་རེད། །
ང་ནི་འདམ་བག་ལྷ་རེད། །
ལྷ་ཁང་གཅིག་གི་ནང་ལ། །
མཉམ་དུ་གང་ནས་ཡོང་ང་། །
གནམ་ལ་སྐས་འཛེག་བཙུཊ་ནས། །
སྨིན་དྲུག་ལེན་རྒྱུ་བྱུང་ན། །
ཆུ་ལ་ཤེལ་སྒོ་བཙུགས་ནས། །
ཉ་མོ་འཛིན་དགོས་ལས་རེད། །
ར་ལ་རྟ་སྒ་བརྒྱབ་ནས། །
ཤིག་ལ་མནའ་མ་བླངས་སོང་། །
ཁྱི་ཤིག་ཚིག་པ་ཟ་ནས། །
ཐོག་སོ་དགུ་ནས་མཆོངས་སོང་། །
སྒོ་དེ་ཤར་སྒོ་ནུབ་སྒོ །
ཨ་ཤིང་མེད་པའི་རྟགས་རེད། །
བུ་མོ་ལྡེམ་ལྡེམ་འཁྱུག་འཁྱུག །
བདག་པོ་མེད་པའི་རྟགས་རེད། །
བྱམས་པ་ཨ་གསར་ཅན་གྱིས། །
ཤོག་བུའི་འོག་འཇུག་གཡོཊ་བྱུང་། །
སྐེ་རགས་བཅིངས་པར་ཕྱིན་པས། །
ཡ་ལིང་མ་ལིང་བྲལ་སོང་། །
མགོ་དེ་མར་ཀོག་མགོ་ལ། །
སྐྲ་ལོའི་རེ་བ་མ་བྱེད། །
གདོང་དེ་ཞི་མིའི་གདོང་ལ། །
མནའ་མའི་རེ་བ་མ་བྱེད། །
སེམས་པ་དཀར་དང་མི་དཀར། །
དཀར་ཡོལ་ནང་གི་འོ་མ། །
ལུས་པོ་བཙན་དང་མི་བཙན། །
སྒོ་ལྕགས་གསར་པའི་ལྡེ་མིག །
འབྲེལ་ཡོད་གསར་འགྱུར།