དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གཞས་ཚིག་ཁག་གཉིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཕུན་ནོར།   |     སྤེལ་དུས།  2025-08-10

    ཆུ་དང་ཉ་མོ།

    ཆུ་མོས་འགྲོ་རྒྱུ་མ་གསུངས། །

    ཉ་མོར་བཞུགས་ཤིག་མ་ཟེར། །

    ཆུ་མོ་ཉ་ལ་བྱམས་བྱམས། །

    ཉ་མོ་ཆུ་ལ་ཆགས་ཡོད། །

    འཁྱུག་རྩལ་ལྡན་པའི་ཉ་མོ། །

    རྒྱ་མཚོའི་མཐིལ་ལ་བསྐྱོད་ནས། །

    དཀར་ཆུང་མུ་ཏིག་ཕྲེང་བ། །

    ཆུ་འགོ་ཡར་ལ་ཕུལ་ཆོག །

    ཆུ་མོ་རྙོག་རུང་དྭངས་རུང་། །

    འཁྱུག་འགྲོས་ཉ་མོའི་ལས་རེད། །

    དབྱར་དགུན་སྟོན་དཔྱིད་མེད་པར། །

    ཉ་མོ་འཁྱུག་རོགས་གནང་དང་། །

    སྒྲ་སྙན་འབྲུག་མགོ་མ།

    འབྲལ་མེད་ང་དང་འགྲོགས་པའི། །

    སྒྲ་སྙན་ཚུར་ལ་གསོན་དང་། །

    དགའ་སྐྱོ་གང་ལ་ཕྲད་ཀྱང་། །

    སྤྲོ་བའི་དབྱངས་སྙན་སྒྲོགས་དང་། །

    འགྲོ་དུས་རྒྱབ་ལ་ཁུར་ཆོག །

    སྡོད་དུས་པང་ལ་བཟུང་ཆོག །

    སྐྱིད་སྡུག་མཉམ་དུ་མྱོང་ཆོག །

    གསན་པ་ཨེ་བྱུང་སྙིང་གྲོགས། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།