ལྟད་མོ་ཆེ་བའི་འཁྲབ་ཚན་བལྟས། ཐུན་མིན་སྒྱུ་རྩལ་ཉམས་སུ་མྱོང་།
ཟླ་8ཚེས་1ཉིན། འཁྲབ་གཞུང་ཅན་གྱི་རོལ་རྩེད་ནས་སྒྱུར་བཟོ་བྱས་པའི་བོད་ཀྱི་ཟློས་གར་ཐོག་མ《ཁྱིམ་བདག་ཚོགས་འདུ》ལྷ་སར་ཐེངས་དང་པོ་འཁྲབ་པ་རེད། 《ཁྱིམ་བདག་ཚོགས་འདུ》ནི་སྐད་གྲགས་ཆེ་བའི་འཁྲབ་གཞུང་ཅན་གྱི་རོལ་རྩེད་ནས་སྒྱུར་བཟོ་བྱས་ཤིང་། དུས་རབས་གོང་མའི་ལོ་རབས་90པའི་གྱོད་གཞི་ཞིག་ནས་འགོ་བརྩམས་ཏེ་དོགས་སློང་གི་དོན་བརྗོད་དང་ཡུལ་དངོས་སུ་མཉམ་འགུལ་བྱས་པ་བརྒྱུད་ལྟད་མོ་བ་དང་མཉམ་དུ་ཁྱིམ་ཚང་སློབ་གསོའི་བརྗོད་གཞི་ཟབ་མོ་འཚོལ་ཞིབ་བྱས་ཡོད། འཁྲབ་སྟོན་བྱེད་སྐབས“འཁྲབ་རར་ཞུགས་པའི་དམིགས་བསལ་མཛད་སྒོ”སོགས་མཉམ་འགུལ་ལྷུ་ཚིགས་བཀོད་སྒྲིག་བྱས་ནས། ལྟད་མོ་བར་ཟློས་གར་གྱི་ནང་དོན་ནང་དངོས་སུ་ཞུགས་པ་དང་ལྟད་མོ་ཆེ་བའི་ཟློས་གར་ལ་མྱོང་རོལ་བྱེད་པ་དང་ཆབས་ཅིག་དམིགས་བསལ་གྱི་སྒྱུ་རྩལ་ཉམས་སུ་མྱོང་བར་བྱས་ཡོད། འདི་ནི་ཟློས་གར《ཁྱིམ་བདག་ཚོགས་འདུ》ཐེངས་དང་པོ་འཁྲབ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།