《ཆོས་ལུགས་ལས་དོན་སྲོལ་ཡིག》ལག་བསྟར་བྱས་ནས་ལོ་ཉི་ཤུ་སོང་བ།
བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་འཕེལ་རྒྱས་མགྱོགས་པོ་འགྲོ་བར་སྐུལ་འདེད་བཏང་བ།
འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་2026ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བར་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པའི་དབྱར་ཁའི་སྔོན་རྒྱུགས་གཏོང་བའི་གནས་ཚུལ་ཡིན་པ།
(འདོན་ཐེངས་གོང་མར་མཐུད)
བཞི། ཉེན་ཁ་དང་འགྲན་སློང་ལ་འགོག་ཟོན་བྱས་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱས་པ།
《ཆོས་ལུགས་ལས་དོན་སྲོལ་ཡིག》ལག་བསྟར་བྱས་ནས་ལོ་20སོང་རིང་། རང་རྒྱལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་འགྲན་སློང་ལ་འགོག་ཟོན་དང་སེལ་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། 《ཆོས་ལུགས་ལས་དོན་སྲོལ་ཡིག》གི་དོན་ཚན་4པའི་ནང་གསེས་གསུམ་པའི་ནང་། མི་སུ་ཞིག་ཡིན་རུང་ཆོས་ལུགས་སྤྱད་ནས་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ། སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགོག་རྐྱེན་བཟོ་བ་བཅས་ཀྱི་བྱེད་སྤྱོད་སྤེལ་རྒྱུ་གཏན་འགོག་བྱེད་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད་པ་དང་། ཆོས་ལུགས་སྤྱད་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་བར་རྡུང་རྡེག་གཏོང་ཆེད། བརྟན་ལ་ནུས་ལྡན་གྱི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། ཆོས་ལུགས་ཐལ་སྐྱོད་རིང་ལུགས་ཀྱི་བསམ་བློ་ཁྱབ་སྤེལ་གཏོང་རྒྱུ་བཀག་འགོག་ནུས་ལྡན་བྱེད་ཆེད། བོད་རང་སྐྱོང་ལྗོངས་ཀྱིས《ཆོས་ལུགས་ལས་དོན་སྲོལ་ཡིག》གཞིར་བཟུང་། ནུས་ཆེའི་སྔོན་འགོག་དང་ཐག་གཅོད་ལམ་སྲོལ་ཆ་ཚང་ཞིག་བཙུགས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
གཅིག་ནི། མཉམ་ལས་ལྟ་འདོམས་བྱེད་ཟབ་ཏུ་བཏང་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཞིང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཁྲིམས་སྒྱུར་དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་དང་སྤྱི་བདེ་དང་། ཁྲིམས་འཛིན། ཆོས་ལུགས་སོགས་སྡེ་ཚན་གྱིས་མཉམ་ལས་དམ་ཟབ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་སྟེ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་ཆོས་ལུགས་བྱེད་སྒོར་རྒྱུན་གཏན་གྱི་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་བཟོ་ཡོད་པའི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ཡོད། ཆོས་ལུགས་ཀྱི་དུས་ཆེན་གལ་ཆེན་ནམ་ཡང་ན་ཆབ་སྲིད་ཀྱི་དོན་ཆེན་གལ་ཆེན་གྱི་སྔ་རྟིང་སོགས་ཚོར་སྣང་སྐྱེན་པའི་དུས་སྐབས་སུ། སྡེ་ཚན་ཁག་གིས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་ཆོས་ལུགས་ཀྱི་བྱེད་སྒོ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད།
གཉིས་ནི། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ་དང་བློ་རིག་གི་སྲུང་ཡོལ་བཟོས་ཤིང་། 2018ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་། རྣམ་གྲངས་གལ་ཆེན། གཙོ་གནད་ལས་གྲྭ ལས་དོན་གལ་ཆེན་བཅས་སྤྱི་འདོམས་བྱེད་འགོ་ཚུགས་ནས་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་ངོས་ལས་སྟེགས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་སྐོར་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་ཉིན་ལྟར་གྲོས་བསྡུར་ཞིབ་དཔྱད་མཐའ་འཁྱོངས་བྱས་ནས་ཆ་འཕྲིན་མཉམ་སྤྱོད་དང་། མཉམ་འབྲེལ་ཐོག་བརྡ་ཁྱབ་དང་ཉེན་ཟོན་ཉེན་བརྡ་གཏོང་བ། དྲ་རྒྱའི་བདེ་འཇགས་ཀྱི་འཇིགས་སྐུལ་ལ་མཐུན་སྦྱོར་ངང་ཐག་གཅོད་བཅས་བྱས་ཏེ་ཆོས་ལུགས་ལས་དོན་དོ་དམ་ཐད་ལག་རྩལ་གྱི་འགོག་སྲུང་འཛིང་རགས་བརྟན་པོ་བཙུགས་ནས་དྲ་རྒྱའི་ཁོར་ཡུག་འོག ཆོས་ལུགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་ནུས་ལྡན་བྱས་ཡོད།
གསུམ་ནི། ཁྲིམས་འགལ་ཉེས་གསོག་ལ་ཆད་པ་བཅད་དེ་དད་མོས་ཀྱི་བར་མཐོངས་གཙང་མ་བཟོས་ཤིང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་བཏང་བ་དང་། ཆོས་ལུགས་སྤྱད་ནས་ཁ་བསླུས་རྒྱག་པ་དང་། ཁྲིམས་འགལ་ངང་རྒྱུ་ནོར་རག་ཐབས་བྱེད་པ། ཆོས་ལུགས་སྤྱད་ནས་གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྤྱོད་སྤེལ་བ་སོགས་ཀྱི་བྱེད་སྤྱོད་ལ་ཆད་པ་ནན་པོ་བཅད་དེ་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོར་གནོད་འཚེ་མི་ཕོག་པའི་འགན་ལེན་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
(མུ་མཐུད་འགོད་རྒྱུ)
(ཡོང་ཁུངས། ཀྲུང་གོ་ཆོས་ལུགས་དུས་དེབ་ཁང)
འབྲེལ་ཡོད་གསར་འགྱུར།