བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།
ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན་ཟབ་ཏུ་གཏོང་བ། ལག་ལེན་གྱི་ཐབས་ལམ་འཚོལ་ཞིབ་བཅས་བྱས་ཏེ། དུས་རབས་གསར་པར་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་སྔར་བས་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཀྱི་བྱེད་པར་བློ་གྲོས་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་རིག་གཞུང་གི་འདེགས་སྐྱོར་བྱ་ཆེད། ཟླ་7ཚེས་25ཉིན་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་གཙོ་གཉེར་བྱས་པའི“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ”ལྷ་སར་འཚོཌ་པ་རེད།
ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་དེ“རིག་གཞུང་སྤེལ་རེས”དང“ཧི་མ་ལ་ཡའི་སྤྱི་ཚོགས་ཚན་རིག་གི་འཆད་ཁྲིད་ཆེན་པོ”གཉིས་སུ་དབྱེ་ཡོད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་རྒྱལ་ཡོངས་ཀྱི་ཚན་ཞིབ་སྒྲིག་གཞི་15ནས་ཡོང་བའི་རིཌ་གཅིག་མཁས་ཅན་དང་མཁས་དབང་50ལྷག་ཙམ་ཚོགས་འདུར་ཞུགས་ཡོད།
བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་བརྒྱུད་རིམ་དང་། གྲུབ་འབྲས། ཉམས་མྱོང་། བསམ་ཞིབ་བཅས་ལ་ཞིབ་འཇུག་གྲོས་བསྡུར་དང་སྤེལ་རེས་གཏིང་ཟབ་བྱས་པ་དང་ཆབས་ཅིག ཚོགས་ཞུགས་རིགས་གཅིག་མཁས་ཅན་ཚོས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་བོད་ཀྱི་ཆོས་ལུགས་ལས་དོན་གྱི་ཆོས་ཉིད་དང་ཁྱད་ཆོས་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དད་ལྡན་པའི་དགོས་མཁོར་ཞབས་འདེགས་ཞུ་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་སོགས་ཐད་ཐོབ་པའི་མངོན་གསལ་དོད་པོའི་གྲུབ་འབྲས་ལ་དབྱེ་ཞིབ་དང་ཕྱོགས་སྡོམ་གཏིང་ཟབ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།