དྲན་སེམས་ཀྱི་གླུ་ཆུང་།
རྡོ་རྗེ་ཐར་ལམ།
སེམས་ཀྱི་སྤང་ཐང་དུ་ཡང་ཡང་རྒྱུ་བའི། །
ཆུང་འདྲིས་བུ་མོ་ཁྱོད་ཤྭ་བ་སྨུག་ཆུང་། །
དབྱར་གཞུང་སྤང་ཐང་གི་མེ་ཏོག་ཁྱོད་ཡིན། །
དགུན་གསུམ་འདབ་ལྡན་གྱི་ཁ་བ་ཁྱོད་ཡིན། །
སྣང་བའི་ནགས་ཚལ་དུ་ཡང་ཡང་གྲགས་པའི། །
ཆུང་འདྲིས་བུ་མོ་ཁྱོད་དཔྱིད་ཀྱི་རྒྱལ་མོ། །
དཔྱིད་དུས་ནམ་མཁའ་ཡི་འཇའ་རིས་ཁྱོད་ཡིན། །
སྟོན་དུས་གསེར་མདོག་གི་ལོ་མ་ཁྱོད་ཡིན། །
ཡ་ཆུང་སེམས་ངོགས་སུ་ཡང་ཡང་དྲན་པའི། །
ཆུང་འདྲིས་བུ་མོ་ཁྱོད་སྙིང་གི་ཤ་ཡིན། །
ཉིན་མོའི་དྲང་གདུང་གི་སྙན་ངག་ཁྱོད་ཡིན། །
མཚན་གུང་རྨི་ལམ་གྱི་མགྲོན་པོ་ཁྱོད་ཡིན། །
དྲན་པའི་ནམ་མཁའ་ཡི་ངོགས་སུ་འཆར་བའི། །
ཆུང་འདྲིས་བུ་མོ་ཁྱོད་མུན་འཇོམས་སྒྲོན་མེ། །
ཆུ་འཛིན་བང་རིམ་གྱི་མཛེས་པ་ཁྱོད་ཡིན། །
ས་འཛིན་དབུ་རྩེ་ཡི་དར་ལྕོག་ཁྱོད་ཡིན། །
འབྲེལ་ཡོད་གསར་འགྱུར།