དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ལྷ་མོ།
  • མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་ནས་བོད་ལྗོངས་ཤངས་པ་ལྷ་མོའི་རྒྱུན་འཛིན་དང་འཕེལ་རྒྱས་ལ་ལྟ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-26

    རྔ་སྦུབ་ཀྱི་སྒྲ་དབྱངས་དང་ལྷན་དུ་ལྷ་མོ་འཁྲབ་འགོ་ཚུགས། འཁྲབ་སྟོན་པ་ཚོས་རྐང་པའི་སྟངས་སྟབས་དང་། སྐོར་བ་རྒྱག་པ། རྣམ་ཐར་གཏོང་བ་བཅས་བྱས་ནས་ངོ་མཚར་གྱི་སྟོན་མོ་ཞིག་གཤོམ་འགོ་ཚུགས།

    འདི་ནི་ཉིན་ཤས་གོང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་སྤྱི་གླིང་དུ་གཉེར་བའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱེད་སྒོའི་རྣམ་པ་ཞིག་རེད། 《དྲི་མེད་ཀུན་ལྡན》དང་། 《འགྲོ་བ་བཟང་མོ》 《པདྨ་འོད་འབར》སོགས་ལྷ་མོའི་འཁྲབ་གཞུང་འཁྲབ་སྟོན་བྱས་པ་དང་གྲོང་མི་མི་ཉུང་བ་ཞིག་ལྷ་མོ་ལྟ་བར་སླེབས་ཡོད།

    རྣམ་གླིང་རྫོང་དུ་དར་ཁྱབ་ཆེ་བའི་ཤངས་པ་ལྷ་མོ་ནི་འབག་སྔོན་པོའི་རྒྱུད་པ་ཞིག་ཡིན་པ་དང་ད་བར་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 2006ལོར་རྣམ་གླིང་གི་ཤངས་པ་ལྷ་མོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ཁག་དང་པོའི་ནང་བདམས་པའི་ལྷ་མོའི་འཁྲབ་ལུགས་ཀྱི་གྲས་སུ་གྱུར་ཡོད།

    ལྷ་མོ་འཁྲབ་སར་འཁྲབ་ཆས་གཡོག་རོགས་བྱེད་བཞིན་པའི་རྒན་རྒོན་ཁོང་ནི་ལོ་76ལ་སླེབས་པའི་ཤངས་པ་ལྷ་མོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེ་རེད།

    ཚེ་རིང་རྡོ་རྗེས་ཐོག་མར་ལྷ་མོ་འཁྲབ་སྐབས་ལྷ་མོ་བ་དང་། མ་དངུལ། འཁྲབ་སྟོན་གྱི་གོ་སྐབས་བཅས་ཧ་ཅང་དཀོན་ལ། འཁྲབ་ཆས་ཀྱང་ཆ་ཚང་པོ་མེད། སྲིད་གཞུང་གི་རྒྱབ་སྐྱོར་དང་ལྷ་མོ་ཚོགས་པས་འབད་བརྩོན་བྱས་པ་བརྒྱུད་ང་ཚོའི་དཔུང་ཁག་གི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་སོང་། ད་ཆ་དུས་ཆེན་ཁག་ཏུ་ང་ཚོ་རྫོང་དུ་ལྷ་མོ་འཁྲབ་པར་འགྲོ་གི་ཡོད་ལ། ད་དུང་ལྷ་སའི་ཞོ་སྟོན་དང་གཞིས་རྩེའི་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་སོགས་བྱེད་སྒོ་ཆེན་པོ་ཁག་ལའང་ཞུགས་ཀྱི་ཡོད། ཆ་རྐྱེན་ལེགས་སུ་ཕྱིན་པས་ངས་དགེ་ཕྲུག་དེ་བས་མང་བ་ཁྲིད་ཐུབ་པའི་ཡིད་ཆེས་ཡོད”ཅེས་དྲན་གསོ་དང་བཅས་བཤད།

    བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དབང་ཕྱུག་གིས། ཁྲོམ་ར་དང་ལྟད་མོ་བ་ནི་ལྷ་མོ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་རེད། རྣམ་གླིང་གི་མང་ཚོགས་ལྷ་མོ་ལྟ་རྒྱུར་དགའ་པོ་ཡོད་ལ། དམངས་ཁྲོད་ཀྱི་ལྷ་མོ་བ་ཡང་ལྷ་མོ་འཁྲབ་རྒྱུར་དགའ་བས། རྒྱུན་དུ་བྱེད་སྒོར་ཞུགས་རྒྱུའི་བརྡ་ཐོ་འབྱོར་མ་ཐག་ཞུགས་རྐྱང་རེད་ཅེས་བཤད།

    ལོ་མང་འཕེལ་རྒྱས་ཕྱིན་པ་བརྒྱུད་རྣམ་གླིང་རྫོང་གིས་ལྷ་མོ་རྒྱུན་འཛིན་བྱེད་པའི་སྒྲིག་གཞི་འཐུས་ཚང་ཞིག་བཙུགས་པ་སྟེ། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་1དང་། རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་1 རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་12བཅས་ཡོད་ལ། རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་11དང་ཁྲིད་སྦྱོང་རྟེན་གཞི་11ལ་བརྟེན་ནས་དམངས་ཁྲོད་ཀྱི་ལྷ་མོ་ཚོགས་པ་30ཡིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་འཁྲབ་སྟོན་བྱེད་པར་ཁྲིད་སྟོན་བྱེད་ཀྱི་ཡོད།

    ད་ཆ་ཚེ་རིང་རྡོ་རྗེས་གཞོན་ནུ་ལོ་ཆུང་གི་ལྷ་མོ་བ་མང་པོ་གསོ་སྐྱོང་བྱས་པའི་ནང་འཁྲབ་རྩལ་ལེགས་པའི་དགེ་ཕྲུག་ལྔ་སྦྱངས་པ་ཐོན་ནས་དགེ་ཕྲུག་གསར་པ་ཁྲིད་ཐུབ་ཀྱི་ཡོད། ཚེ་རིང་རྡོ་རྗེས་ད་ཆ་དགེ་ཕྲུག་ཚོར་ལྷ་མོ་སློབ་པ་ལས་རང་ཉིད་ཀྱིས་འཁྲབ་ཀྱི་མེད།

    མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་འགག་རྩ་ནི་མིར་ཐུག་ཡོད། ཉེ་བའི་ལོ་ཤས་རིང་། རྣམ་གླིང་རྫོང་གིས་ཆ་སྙོམས་ལོ་ཚད་ལོ་9ལ་སླེབས་པའི་བྱིས་པའི་ལྷ་མོ་ཚོགས་པ་བཙུགས་པ་དང་། “སློབ་གྲྭ་དང་གྲོང་གསེབ་ཏུ་ལྷ་མོ་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བ། ཤངས་པ་ལྷ་མོའི་ཉམས་ལེན་སློབ་ཚན་ཁྲིད་པ་སོགས་བྱས་པ་བརྒྱུད་ཤངས་པ་ལྷ་མོ་མ་ཉམས་གོང་འཕེལ་ཐུབ་པར་སྐུལ་འདེད་བཏང་ཡོད། ད་ཆ་ཤངས་པ་ལྷ་མོའི་རྒྱུན་འཛིན་པའི་ཆ་སྙོམས་ལོ་ཚད་ལོ་35མན་ཡིན་པ་རེད།

    རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་གོམ་སྟབས་མགྱོགས་སུ་ཕྱིན་པ། རྣམ་གླིང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་སྤེན་པས། རྒྱུན་འཛིན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་ཤངས་པ་ལྷ་མོ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག གོམ་སྟབས་རྗེས་མར་སྲོལ་རྒྱུན་གྱི་ལྷ་མོ་དེང་རབས་ལག་རྩལ་དང་རིག་གནས་ཡུལ་སྐོར་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་དེ་བས་ཡངས་པའི་ཁྲོམ་རའི་ཕྱོགས་སུ་བསྐྱོད་དེ་ཤངས་པ་ལྷ་མོ་དེ་བས་དར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།