དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • ཤངས་པ་ལྷ་མོའི་རྒྱུན་འཛིན་བྱེད་སྟངས་ལེགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-22

    བོད་ལྗོངས་རྣམ་གླིང་རྫོང་དུ་དར་ཁྱབ་བྱུང་བའི་ཤངས་པ་ལྷ་མོ་ནི་འབག་སྔོན་པོའི་ལྷ་མོའི་འཁྲབ་སྲོལ་དུ་གཏོགས་ཤིང་། ལོ་རྒྱུས་ཡུན་རིང་ལྡན། 2006ལོར་བོད་ཀྱི་ལྷ་མོ་དེ་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་ནང་བཅུག་ཡོད།

    མིག་སྔར། རྫོང་ཡོངས་སུ་ཁྱོན་དམངས་ཁྲོད་ལྷ་མོའི་རུ་ཁག་29དང་ལྷ་མོ་འཁྲབ་མཁན་876ཡོད་པ་མ་ཟད། ད་དུང་ཆ་སྙོམས་ལོ་9ལ་སླེབས་པའི་བྱིས་པ་32ལས་གྲུབ་པའི་བྱིས་པའི་ལྷ་མོའི་རུ་ཁག་1ཡོད། ལྷ་མོ་འཁྲབ་མཁན་མི་རབས་མང་པོས་འཁྲབ་སྟོན་ཐེངས་རེ་རེའི་ཁྲོད་རྒྱུན་འཛིན་དང་གསར་གཏོད་བྱས་ནས་གནའ་བོའི་ལྷ་མོའི་སྒྱུ་རྩལ་ལས་གཟི་བརྗིད་གསར་པ་རྒྱུན་ཆད་མེད་པར་འཕྲོ་བར་བྱས་ཡོད།

    འདི་ནི་དམངས་ཁྲོད་ལྷ་མོའི་འཁྲབ་སྟོན་རུ་ཁག་གིས་རྣམ་གླིང་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་སྤྱི་གླིང་དུ་ཤངས་པ་ལྷ་མོ་འཁྲབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།