དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • བོད་རང་སྐྱོང་ལྗོངས་ཀྱི་2026ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བར་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པའི་དབྱར་ཁའི་སྔོན་རྒྱུགས་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-14

     རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་7ཚེས་12ཉིན་ལྷ་སའི་དགའ་ལྡན་དགོན་དུ་བོད་རང་སྐྱོང་ལྗོངས་ཀྱི་2026ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བར་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པའི་དབྱར་ཁའི་སྔོན་རྒྱུགས་གཏོང་འགོ་ཚུགས་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ས་ཡུལ་དངོས་ལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

    ཆོས་ལུགས་ཀྱི་སྲོལ་རྒྱུན་གོམས་སྲོལ་ལྟར་དབྱར་ཁའི་སྔོན་རྒྱུགས་དེ་ཆོས་ལུགས་མཛད་སྒོའི་ཁྲོད་ནས་འགོ་ཚུགས་ཡོད། དགའ་ལྡན་དགོན་དང་སེ་ར་དགོན་སོགས་དགོན་སྡེ་13ནས་ཕེབས་པའི་རྒྱུགས་སྤྲོད་དགེ་འདུན་པ་13གྱིས་ཉིན་8ནང་གཞུང་ཆེན་བཀའ་པོད་ལྔའི་ནང་དོན་ཐད་རྟགས་གསལ་གཏོང་བ་དང་། དེ་མིན་རིག་གནས་ཤེས་བྱ་དང་། སྐབས་དོན་ཆབ་སྲིད་ཀྱི་ཡིག་རྒྱུགས་ནང་ཞུགས་མཐར་2026ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བར་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པའི་དམ་འཇོག་ལ་ཞུགས་པའི་ཐོབ་ཐང་དང་སྦྱངས་འབྲས་ཀྱི་ཨང་རིམ་གཏན་འཁེལ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།