དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དུས་བཞི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁྲ་དོད།   |     སྤེལ་དུས།  2025-07-06

    དཔྱིད།

    དཔྱིད་རླུང་བསིལ་བུར་ལྡང་སོང་། །

    ཁུ་བྱུག་མོན་ནས་ཕེབས་བྱུང་། །

    ཞིང་ལ་ས་བོན་གཏོར་ཡོད། །

    ལོ་ཡག་རྩ་བ་ཚུགས་སོང་། །

    དབྱར།

    ཆར་ཆུ་དུས་སུ་བབས་སོང་། །

    ལོ་ཡག་སྐྱེ་འཚར་བཟང་བྱུང་། །

    ཨ་ཁུ་ཞིང་པའི་གདོང་ནས། །

    རེ་བའི་འཛུམ་མདངས་འཕྱུར་སོང་། །

    སྟོན།

    ཞིང་ཐང་གསེར་མདངས་རྒྱས་སོང་། །

    སྙེ་མའི་སྙེ་རྡོག་ཆེ་བྱུང་། །

    བང་མཛོད་འབྲུ་ཡིས་གཏམས་སོང་། །

    བཞིན་རས་འཛུམ་གྱིས་ཁེངས་སོང་། །

    དགུན།

    རི་མགོ་ཁ་བས་བཀླུབས་སོང་། །

    ཆུ་མོར་དར་ཁ་འཐེན་བྱུང་། །

    ཞིང་ལས་དལ་བའི་དུས་འདིར། །

    སྣམ་ཆས་འཐག་ལ་བྲེལ་སོང་། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།