རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཧི་མ་ལ་ཡའི་སྤྱི་ཚོགས་ཚན་རིག་གི་འཆད་ཁྲིད་སློབ་ཁང་ཆེ་མོ”དུས་ཐེངས་བཅུ་བཞི་པ་གཉེར་བ།
ཉེ་ཆར། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“ཧི་མ་ལ་ཡའི་སྤྱི་ཚོགས་ཚན་རིག་གི་འཆད་ཁྲིད་སློབ་ཁང་ཆེ་མོ”དུས་ཐེངས་བཅུ་བཞི་པ་ལྷ་སར་གཉེར་ཞིང་། བོད་ལྗོངས་རྟེན་མཛོད་ཁང་ཉར་ཚགས་བསྟན་བཅོས་ཞིབ་འཇུག་པུའི་ཀྲུའུ་རེན་དང་ཞིབ་འཇུག་པ་ཧོ་ཞའོ་ཏུང་གིས། “རིག་དངོས་ཀྱིས་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་དང་དེའི་འདུ་ཤེས་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་བདེན་དཔང་བྱེད་པ”བརྗོད་དོན་དུ་བྱས་ནས། བོད་ལྗོངས་འགྲེམས་སྟོན་ཁང་སོགས་སུ་ཉར་བའི་རིག་དངོས་དང་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསེད་བཀྲོལ་བྱས་པ་བརྒྱུད། བོད་ལྗོངས་དང་མེས་རྒྱལ་དབར་གྱི་ཤ་རུས་གཅིག་འདྲེས་ཀྱི་ལོ་རྒྱུས་ཀྱི་རྗེས་ཤུལ་མངོན་པར་བྱས་པ་རེད།
ཧོ་ཞའོ་ཏུང་གིས་དུས་ཚོད་ཀྱི་གོ་རིམ་གཞིར་བཟུང་། བོད་ཀྱི་ས་འོག་ནས་ཐོན་པ་དང་འགྲེམས་སྟོན་ཁང་སོགས་སུ་ཉར་བའི་རིག་དངོས་བརྒྱུད་རིམ་ལྡན་པའི་ངང་ལེགས་སྒྲིག་བྱས་ནས། བོད་ལྗོངས་དང་མེས་རྒྱལ་རྒྱུད་གཅིག་ཁུངས་གཅིག་ཡིན་པའི“དངོས་པོ་དང་རིག་གནས་ཀྱི་མ་ལག”བསྐྲུན་ཏེ། བོད་ཀྱི་ལོ་རྒྱུས་འཕེལ་འགྱུར་ཁྲོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དོན་དངོས་ཁུངས་སྐྱེལ་བྱས་པ་རེད།
རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ལི་ཞའོ་ཉིང་གིས། ཕོ་བྲང་པོ་ཏ་ལའི་གླེགས་བམ་དང་ལྷ་ལྡན་གཙུག་ལག་ཁང་གི་རྡོ་རིང་སོགས་ཀྱི་རིག་དངོས་ནི་རྒྱ་བོད་དབར་འགྲོ་འོང་བྱས་ལུགས་ཀྱི་བདེན་དཔང་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལྟེ་བའི་དངོས་དཔང་དེ་བས་རེད། ཐེངས་འདིའི་འཆད་ཁྲིད་ཀྱིས་དུས་རབས་གསར་པའི་བོད་ཀྱི་མི་རིགས་ལས་དོན་ལ“རིག་དངོས་ཀྱིས་ལོ་རྒྱུས་ཀྱི་དཔང་པོ་བྱེད་པ་དང་། ལོ་རྒྱུས་ལ་བརྟེན་ནས་དད་སེམས་ཟབ་ཏུ་གཏོང་བའི”ལག་ལེན་གྱི་བློ་སྒོ་འབྱེད་ཡུལ་མཁོ་འདོན་བྱས་ཡོད་ཅེས་བརྗོད།