དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྐད་ཆ་མ་མཐོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-15

    ཉི་ཆོས་བཟང་པོ་དང་རྒྱལ་པོ་གཉིས་མཚན་མོ་ཞིག་ལ་སྐད་ཆ་ཤོད་ཀྱིན་བསྡད། སྣེ་གདོང་རྒྱལ་པོ་སེར་སྣ་ཆེ་བས་རྒྱལ་པོས། ཉི་ཆོས་བཟང་པོ། བཞུ་མར་གསོད་ཅིག སྣུམ་རྫོགས་ཀྱི་རེད་ཅེས་སྨྲས། ཉི་ཆོས་བཟང་པོས། རྒྱལ་པོ་རིན་པོ་ཆེ། གལ་སྲིད་བཞུ་མར་བསད་ན་སྐད་ཆ་མཐོང་གི་མ་རེད་ཅེས་སྨྲས་མ་ཐག རྒྱལ་པོས། སྐད་ཆ་མིག་གིས་མཐོང་མཁན་ཞིག་ག་པར་ཡོད་དམ་ཞེས་སྨྲས་པས། ཉི་ཆོས་བཟང་པོས་དེ་མ་ཉིད་དུ་བཞུ་མར་བསད་དེ་ཉལ།

    དེ་ནས་ཁོ་གཉིས་མུ་མཐུད་ལབ་གླེང་བྱེད་སྐབས། ཉི་ཆོས་བཟང་པོས། རྒྱལ་པོ་རིན་པོ་ཆེ། ང་ཚོའི་གླིང་ཁའི་ནང་རྩྭ་འདི་ག་ཙམ་ཞིག་སྐྱེས་འདུག་ཅེས་སྨྲས་པས། རྒྱལ་པོས་ག་ཙམ་སྐྱེས་འདུག ངས་མཐོང་གི་མི་འདུག་ཅེས་སྨྲས་པར། ཉི་ཆོས་བཟང་པོས་དེ་འཕྲལ། ངས་ད་གིན་ནས་བཞུ་མར་བསད་ན་སྐད་ཆ་མཐོང་གི་མ་རེད་ཅེས་ཞུས་མ་བྱུང་ངམ་ཞེས་སྨྲས་པས། རྒྱལ་པོ་ག་ཤོད་འདི་ཤོད་མེད་པར་ལུས་སོ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།