སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱེད་སྒོ་སྤེལ་བ།
ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི་སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས་ཏེ། རིག་གནས་ཁང་གི་ཞབས་ཞུའི་དྲིལ་བསྒྲགས་གཟའ་འཁོར། ཁྱད་ལྡན་མཛེས་དཔྱད་སློབ་གསོའི་སློབ་ཚན་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་དྲིལ་བསྒྲགས་འགྲེམས་འཁྲབ་བྱེད་པའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཡིག་གཟུགས་དང་། པར་ཤིང་། བྱ་འཕུར་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལག་བསྟར་བྱས་ནས་ཕྲུ་གུ་ཚོས་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ཐུབ་པ་བྱས་ཡོད།
འདི་ནི་ཕྲུ་གུ་ཚོས་མངོན་མིན་རིག་གནས་ཤུལ་གཞག་ཡིན་པའི་པར་ཤིང་གི་པར་རྩལ་ལ་ལྟ་བཞིན་པ།