དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བྱིས་པའི་སྙན་ངག་ཁག་གཅིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གཉལ་མེ་ལྕགས།   |     སྤེལ་དུས།  2025-06-01

    ཕ་མའི་ལག་པ།

    ཨ་མའི་ལག་པ་ནག་ལ་སེར་གས་ཁེངས།

    སྨྱུ་གུ་བཟུང་མྱོང་མེད་ལ།

    རོལ་ཆའང་དཀྲོལ་མྱོང་མེད།

    ཨ་ཕའི་ལག་པ་ཆེ་ལ་རྩུབ།

    དཔེ་དེབ་བཟུང་མྱོང་མེད་ལ།

    ཁ་པར་ནི་དེ་བས་ཀྱང་ངོ་།

    འདམ་བག་དང་ལྕི་བ། འཐག་ཁྲི་དང་རྐོ་མ།

    ཨ་མའི་ལག་གི་གྲོགས་མོ་ཡག་ཤོས་རེད།

    ཐོང་གཤོལ་དང་ཏོག་ཙེ། ཟོར་བ་དང་དཔུང་རྒྱུག

    ཨ་ཕའི་ལག་གི་གྲོགས་པོ་ཡག་ཤོས་རེད།

    ཨ་ཁུ་ཉི་མ་ལགས།

    དགུང་གི་ཨ་ཁུ་ཉི་མ།

    གསེར་གྱི་ཉི་མ། དངུལ་གྱི་ཉི་མ།

    ཁྱེད་

    ཀྱི་འོད་ཟེར་ངའི་གདོང་ལ་འཕྲོས་ནས།

    ངའི་མུ་ཏི

    ག་ལྟ་བུའི་ངོ་གདོང་།

    སོལ་བ་ལྟ་བུར་བཏང་སོང་།

    ངས་དེ་ལ་ལེ་བདའ་བྱེད་མི་སྲིད།

    ཨ་ཁུ་ཉི་

    མ་ལགས།

    གསེར་གྱི་ཉི་མ། དངུལ་གྱི་ཉི་མ།

    མ་བརྗེད་སེམས་ལ་ཟུངས།

    ངའི་ཨ་ཕ་དང་ཨ་མའི། ངའི་སྤོ་བོ་དང་རྨོ་བོའི།

    སྐྲ་ལོ་ནག་པོར་བཟོ་རྒྱུ་མ་བརྗེད་སེམས་ལ་ཟུངས།

    ཀ་ཁ་ཀློག་པ།

    ཉི་ཟེར་མགོ་ལ་གྱོན།

    སྤང་ལྗོངས་གདན་ལ་བཏིང་།

    བསིལ་རླུང་གདོང་གིས་བསུས།

    ངས་ཀ་ཁ་ཚར་གཅིག་བཀླགས།

    རླུང

    ་བུས་ཀྱང་ཀ་ཁ་ཚར་གཅིག་བཀླགས།

    ངས་རླུང་བུ་ལ་སེམས་འཛིན་བྱེད་མི་སྲིད་དེ།

    ཕལ་ཆེར། རླུང་བུའང་ཀ་ཁ་སྦྱོང་འདོད་ཡོད་པ་འདྲ།

    མིག

    ངའི་མིག་ནི་ཅི་འདྲའི་ཆེ་བ་ལ་ཨང་།

    མཐོན་པོའི་གངས་རི་ཤོང་ཐུབ།

    དམའ་བོའི་གཙང་ཆབ་ཤོང་ཐུབ།

    རྒྱང་གི་ཉི་མ་ཤོང་ཐུབ།

    ཉེ་བའི་རྩྭ་ཐང་ཤོང་ཐུབ།

    མདོར་ན་འཇིན་རྟེན་ཚང་མ་ཤོང་ཐུབ།

    ངའི་མིག་ནི་ཅི་འདྲའི་ཆུང་བ་ལ་ཨང་།

    སེམས་པ་སྡུག་གིས་མནར་དུས།

    མིག་ཆུ་རྡོག་པོ་གཅིག་ཀྱང་མི་ཆུད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།