དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”མཚན་གནས་སྤྲོད་པའི་མཛད་སྒོ་སྐབས་ཉེར་གཅིག་པ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-30

    ཟླ་5ཚེས་23ཉིན། བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”མཚན་གནས་སྤྲོད་པའི་མཛད་སྒོ་སྐབས་ཉེར་གཅིག་པ་པེ་ཅིང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཚོགས་ཤིང་། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པ་དང་། རྙིང་མ་བ། བོན་ཆོས་བཅས་ཀྱི་དགེ་འདུན་པ་36གིས་ལོ་3རིང་སྦྱངས་པ་ལྷུར་ལེན་གནང་བ་བརྒྱུད་སྦྱང་བྱའི་གནད་ཚང་མ་མཐར་ཕྱིན་ཏེ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་མཚན་གནས་འཛིན་གྲྭའི་སློབ་ཐོན་ལག་ཁྱེར་རག་པ་རེད། ཐོབ་ཐང་ལ་ཞིབ་བཤེར་དང་། རྟགས་གསལ་གཏོང་བ། དཔྱད་རྩོམ་རྩོད་རྒྱུགས། དཔྱད་མོལ་བརྡས་ཐག་གཅོད་པ་བཅས་ཀྱི་གོ་རིམ་ནན་པོ་བརྒྱུད་དགེ་འདུན་པ་36ཚང་མར་བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”མཚན་གནས་ཐོབ་པ་རེད།

    ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། བོད་བརྒྱུད་ནང་བསྟན་མཚན་གནས་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་འཇམ་དབྱངས་བཞད་པས“མཐོ་རམས་པའི”མཚན་གནས་རག་མཁན་དགེ་འདུན་པ་ཚོར་མཚན་གནས་ལག་ཁྱེར་གནང་བ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། བོད་བརྒྱུད་ནང་བསྟན་མཚན་གནས་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས“མཐོ་རམས་པའི”མཚན་གནས་རག་མཁན་ལ་རྟེན་འབྲེལ་ཞུས་གནང་བ་རེད།

    (《མི་དམངས་ཉིན་རེའི་ཚགས་པར》ལས་བརྒྱུད་བཀོད་བྱས་པ)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།