དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་ཡག་པོ་གཉེར་ནས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-28

    ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས“མཉམ་ལས་ཁང་དང་ཞིང་དུད”ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་རྩལ་ནུས་གསོ་སྦྱོང་དང་། མ་བཅོས་རྒྱུ་ཆར་རྒྱབ་སྐྱོར། བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་སོགས་ལ་རྒྱབ་སྐྱོར་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་གནད་སྨིན་དབུལ་སྐྱོར་ཟུང་འབྲེལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་བསྐྲུན་པ་བཅས་བྱས་ཏེ། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་མཆོག་ཅིག་ཏུ་འགྱུར་བར་བྱས་ཡོད། མིག་སྔར། རང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་དེ་ཐང་ག་བཞེངས་པ་དང་། རུམ་འཐག བདུག་སྤོས་བཟོ་བ། དངུལ་ཆས་བཟོ་བ། སྣམ་བུ་འཐག་པ་སོགས་ཁྱབ་ཁོངས་མང་པོར་ཁྱབ་ནས་ས་གནས་མང་ཚོགས་སྒོ་རྩར་ལས་ཞུགས་ཐུབ་པར་སྣེ་ཁྲིད་བྱས་ནས་མང་ཚོགས་ཚོས་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་རྒྱུན་འཛིན་དང་ཆབས་ཅིག་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཡོད།

    འདི་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་གྱི་མངོན་མིན་རིག་གནས་ཤུལ་བཞག་དབུལ་སྐྱོར་ལས་ཞུགས་བཟོ་ཁང་དུ་དགེ་རྒན་ཞིག་གིས་དགེ་ཕྲུག་ལ་ཐང་ག་བཞེངས་སྟངས་སློབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།