དཔྱིད་ཀའི་བག་ཆགས།
དཔྱིད་དུས་སུ། སྒེའུ་ཁུང་གི་ཕག་ནས། ཉི་འོད་འཕྲོ་ཞིང་དཔྱིད་རླུང་ལྡང་། ས་གཞི་ཡི་སྟེང་ནས། མེ་ཏོག་བཞད་ཅིང་རྩི་ཤིང་འཁྲུངས།
དཔྱིད་དུས་སུ། གཙང་པོ་ཡི་བཞུར་སྒྲ་དང་ནོར་ལུག་གི་འབའ་སྒྲ། ཁྱོན་ཡངས་པའི་གནམ་སའི་མཚམས་ལ་མཆེད། སྨུག་ཆར་འདྲེས་མས་རི་ལུང་གི་བྲང་གཞུང་ཡོངས་སུ་བརླན། རི་ལུང་གི་སྒང་གཤོང་རེ་ནས་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ།
དཔྱིད་དུས་སུ། གསར་སྐྱེས་ཀྱི་ལྗོན་པ་རེ་རེའི་རྩེ་ནས། འདབ་ཆགས་སྣ་ཚོགས་ཀྱིས་སྐད་སྙན་འབྱིན། རིན་བྲལ་གྱི་ཚེ་སྲོག་མང་པོའི་ལྗང་མྱུག་ཀྱང་། འཇིག་རྟེན་གྱི་སྤང་ལྗོངས་ནས་མཚར་སྡུག་གིས་འབུས།