དབུ་ཤོག>བོད་ཀྱི་རིག་གནས།>རིག་གནས་པར་མཛོད།
  • འདམ་སྤྱི་རིམ་སྙན་པ་འབྲུག་ལྟར་གྲགས། རྟ་འདོ་བའི་བང་རྩལ་བྱ་ལྟར་མྱུར།

    —— འདམ་སྤྱི་རིམ་གྱི་བྱེད་སྒོའི་ཡ་གྱལ་སྐབས་གཉིས་པའི་སྟོང་རིའི་རྩེར་སོན་རྟ་རྒྱུག་འགྲན་བསྡུར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤེས་རབ་རྡོ་རྗེ། བསོད་ནམས་སྟོབས་ལགས། བསྟན་འཛིན་གཡུ་སྒྲོན།   |     སྤེལ་དུས།  2025-05-10

    འདི་ནི་རྟ་རྒྱུག་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འདི་ནི་རྟ་རྒྱུག་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འདི་ནི་རྟ་རྒྱུག་འགྲན་བསྡུར་ལ་གྲ་སྒྲིག་བྱེད་བཞིན་པ།

    འདི་ནི་རྟ་རྒྱུག་འགྲན་བསྡུར་ལ་གྲ་སྒྲིག་བྱེད་བཞིན་པ།

    འདི་ནི་རྟ་རྒྱུག་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འདི་ནི་རྟ་དང་རྟ་བདག་གཉིས་མཉམ་པར་རྒྱག་བཞིན་པ།

    འདི་ནི་རྟ་རྒྱུག་འགྲན་བསྡུར་བྱེད་བཞིན་པ།

    བརྗིད་ཆགས་ཡིད་དུ་འོང་བའི་བྱང་གཉན་ཆེན་ཐང་ལྷའི་རི་རྒྱུད་ཁ་བས་བཀླུབས་ཤིང་། ཡངས་ཤིང་རྒྱ་ཆེ་ལ་ཕ་མཐའ་མི་མངོན་པའི་འདམ་གཞུང་རྩྭ་ཐང་དུ་རྟ་ནོར་ལུག་གསུམ་རྩྭ་ཆུར་ཅི་དགར་རོལ་བཞིན་མཆིས།

    འདམ་སྤྱི་རིམ་གྱི་བྱེད་སྒོའི་ཡ་གྱལ་སྐབས་གཉིས་པའི་སྟོང་རིའི་རྩེར་སོན་རྟ་རྒྱུག་འགྲན་བསྡུར་དེ་འདམ་སྤྱི་རིམ་རྟ་རྒྱུག་ཐང་དུ་སྤེལ་ཞིང་། རྒྱ་ཆེའི་གཟིགས་མོ་བ་ཚོར་དུས་ཡུན་ཉིན་དྲུག་རིང་མིག་ཡིད་རྣ་བའི་དགའ་སྟོན་དུ་གྱུར་བའི་འདོ་བ་རྟ་ཡི་བང་རྩལ་འགྲན་པའི་སྟོན་མོ་གཟབ་རྒྱས་ཤིག་བཤམས།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་དེ་འདམ་གཞུང་རྫོང་གི་ངོམས་སུ་ཆོག་པའི་རྟ་རྒྱུག་རིག་གནས་ཀྱི་མིང་བྱང་གྲགས་ཅན་ཞིག་ཏུ་འགྱུར་ཆེད། འདམ་གཞུང་རྫོང་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་མི་རྒྱུ་དངོས་གསུམ་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་འདུག འགྲན་བསྡུར་ནང་དཀའ་ཚད་རིམ་པ་མི་འདྲ་བར་གཞིགས་ནས་རྒྱུག་ཆེན་དང་། རྒྱུག་ཆུང་། འགྲོས་སོགས་སྲོལ་རྒྱུན་གྱི་རྟ་རྒྱུག་རྣམ་གྲངས་12བཀོད་སྒྲིག་བྱས་ཡོད་པ་དང་། དེ་དག་སོ་སོར་ཨང་རིམ་ཐོབ་མཁན་ལ་རིམ་པ་གཞིན་བྱ་དགའ་གྱ་ནོམ་པ་སྤྲད་འདུག ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་ནང་རང་ལྗོངས་ཀྱི་རྟ་གྲགས་ཅན་ཕུད་ད་དུང་མཚོ་སྔོན་དང་། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་ཞིང་ཆེན་གྱི་རྟ་གྲགས་ཅན་ཁྱོན་500ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    རྩྭ་ཐང་གི་རིག་གནས་ལ་དགའ་ཞེན་དང་བརྩེ་བ་ཟབ་མོ་ལྡན་པའི་ལྟད་མོ་བ་མང་པོ་ས་ཡུལ་དངོས་སུ་འགྲོ་ཁོམ་མ་བྱུང་ཡང་། ཁྱུག་དབྱིངས་ཐད་གཏོང་ནས་རྟ་མིང་དང་། རྟ་བདག་སོགས་ངོ་སྤྲོད་ཞིབ་པར་བྱས་པ་དེས་ལྟད་མོ་བ་མང་པོའི་འདོད་ཐོག་ཏུ་རྟ་རྒྱུག་པ་ལྟར་བྱུང་ནས་ཡུལ་དངོས་ལ་སླེབས་པའི་ཚོར་སྣང་ཞིག་ཡོང་གི་འདུག་ཅེས་ཁྱུག་དབྱིངས་ཀྱི་དཔྱད་གཏམ་སྤེལ་ཡུལ་དུ་མི་མང་པོས་དེ་ལྟར་བརྗོད་པ་དང་སྦྲགས། གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་ཀྱི་མཐེ་བོང་སྒྲེང་བཞིན་མཆིས།

    ཟླ་4ཚེས་28ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཡོལ་ཙམ་ལ་ཚང་མས་རེ་སྒུག་ཆེན་པོ་བྱེད་པའི་རྣམ་གྲངས་སྟེ་ཕོ་རབ་འགྲན་བསྡུར་འགོ་ཚུགས་པ་དང་ལྟད་མོ་བ་ཚོས་རང་ཉིད་ཀྱི་སེམས་ནང་ཡོད་པའི་རྟའི་མིང་བོས་ནས་ཀུན་ལས་རྣམ་པར་རྒྱལ་བའི་རེ་བ་ཆེན་པོ་འཆང་བཞིན་གདའ། གྲགས་ཅན་གྱི་ཅང་ཤེས་རྟ་ཕོ་དེ་དག་གིས་ཀྱང་བྱ་ལྟར་མྱུར་བའི་སྒོ་ནས་བང་རྩལ་འགྲན་པས་རེ་སྒུག་ཡུན་རིང་བྱེད་པའི་ལྟད་མོ་བ་ཚོའི་འདོད་བློ་ཡོངས་སུ་ཚིམ་པར་གྱུར་ནས་དགའ་སྤྲོས་རབ་ཏུ་མྱོས། སྐོར་བ་མཇུག་མཐར་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྗོང་གི་མཁའ་དབྱིངས་ནམ་མཁའ་ཚང་གི་ཅང་ཤེས་གསེར་མདོག་གཟེངས་སུ་ཐོན་ཏེ་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་ནས་བྱ་དགའ་དངུལ་སྒོར་ཁྲི་6རག་པ་དང་། དེ་མིན་གྱི་ཨང་རིམ་ཐོབ་མཁན་ལ་རིམ་པ་བཞིན་བྱ་དགའ་སྤྲད་པ་དང་ལྟད་མོ་བ་ཚོས་ཀྱང་འཚང་ཁ་ཤིག་ཤིག་ངང་རྟ་དང་། རྒྱུག་ཕྲུག རྟ་བདག་བཅས་ལ་དཀར་གཙང་མཇལ་དར་བསྒྲོན་ནས་རྟེན་འབྲེལ་གཟབ་རྒྱས་ཞུས།

    ན་ནིང་ནས་བཟུང་འདམ་སྤྱི་རིམ་གྱི་བྱེད་སྒོའི་ཡ་གྱལ་སྟོང་རིའི་རྩེར་སོན་རྟ་རྒྱུག་འགྲན་བསྡུར་སྤེལ་ཚུན། ཟ་ཁང་དང་། ཚོང་ཁང་། མགྲོན་ཁང་སོགས་ལ་ཚོང་ཧ་ཅང་ཡག་པོ་བྱུང་ཞིང་། “ང་ནི་མི་རིགས་ཀྱི་རྒྱན་གོས་འཚོང་མཁན་ཞིག་ཡིན། ཚོང་ཟོག་དུས་རྒྱུན་ལས་བྲིན་ཁ་རྒྱུག་པ་འདུག”ཅེས་ཚོང་པ་བྱམས་པ་ལྷ་མོས་བློ་ཡིད་ཤིན་ཏུ་ཚིམ་པའི་སྒོ་ནས་གསར་འགོད་པར་དེ་ལྟར་བཤད།

    འདམ་སྤྱི་རིམ་གྱི་བྱེད་སྒོའི་ཡ་གྱལ་སྟོང་རིའི་རྟ་རྒྱུག་གི་བྱེད་སྒོ་སྤེལ་བ་བརྒྱུད། རྒྱ་ཆེའི་མང་ཚོགས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པར་བསྐངས་བ་དང་། མངོན་མིན་རིག་གནས་ཤུལ་བཞག་དེ་བས་འཛིན་སྐྱོང་སྤེལ་གསུམ་ཐུབ་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ལ། ལྷག་པར་དུ་གྲོང་གསེབ་དར་རྒྱས་ལ་ཕན་འབྲས་དངོས་ཐོན་ནས་མང་ཚོགས་དེ་བས་མང་བ་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་པར་སྐུལ་སློང་དང་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།