དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • ཆུ་ཤུར་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་ལ་དུས་རབས་ཀྱི་ངོ་མཚར་བསྣན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-12

    གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འཇུན་པའི་ཉའི་གསོལ་སྟོན།

    རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“འཇུན་པའི་ཀོ་རྩེད”(ཀོ་བྲོ)

    གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྟ་དཀར་གྱི་ཟངས་ཆས།

    གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྟ་དཀར་གྱི་ཟངས་ཆས།

    རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སླེལ་པོ།

    ལག་ཤེས་པས་བཟོས་པའི་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འཇུན་པའི་ཀོ་ཆས།

     གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རུས་ཚིགས་བཅོས་ཐབས།

    གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བྱེ་ནུབ་ཀྱི་ཕབས།

    ཆུ་ཤུར་དུ་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཡོད་ལ། ད་དུང་ལོ་རྒྱུས་ཡུན་རིང་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་28ཙམ་ཡོད།

    ཆུ་ཤུར་རྫོང་འཇུན་པ་གྲོང་ཚོའི“འཇུན་པའི་ཀོ་རྩེད”ནི་ཉ་པ་དང་གཙང་པོ་འཆམ་མཐུན་མཉམ་གནས་ཀྱི་འཆར་ཡན་རི་མོ་ལྟ་བུ་ཡིན་ལ། ཉ་པའི་གླུ་དབྱངས་དང་རྦ་རླབས་ཀྱི་ཟེགས་མ་མཉམ་དུ་སྒྲོག་པའི་ཁྲོད་དུ་འཇུན་པ་བའི་ཀོ་ཆས་བཟོ་རྩལ་དང་འཇུན་པའི་ཉའི་གསོལ་སྟོན་གྲུབ་གཤིས། ཉ་པ་ཚོའི་བརྩོན་འགྲུས་དང་སྙིང་རུས་མཚོན་པ་མ་ཟད། རང་བྱུང་ཁམས་ལ་གུས་བཀུར་བྱེད་ལུགས་ཀྱང་མཚོན་གྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། བསམ་ཚུལ་གསར་པ་བཅངས་ནས“སྒྱུ་རྩལ་སྲུང་སྐྱོང”བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་ལ་དེ་བས་ཡིད་དབང་འཕྲོག་པའི་འོད་སྣང་སྦྱིན་པ་དང་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་སྐད་གྲགས་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དྲུག་པའི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་རྒྱུན་འཛིན་པ་ལྷག་པ་ཚེ་རིང“འཇུན་པའི་ཀོ་རྩེད”རྒྱུན་འཛིན་དང་གསར་གཏོད་ཀྱི་ལས་ལ་གཞོལ་བཞིན་ཡོད།

    ལྷག་པ་ཚེ་རིང་གིས་ལག་ཤེས་བཟོ་རྩལ་སློབ་སྦྱོང་ཧུར་ཐག་བྱེད་པ་མ་ཟད། སྔ་རྗེས་སུ་དགེ་ཕྲུག་17ཉར་ནས་དུས་རབས་གསར་པར“འཇུན་པའི་ཀོ་རྩེད”ཀྱི་འོད་སྣང་རྒྱུན་མཐུད་འཕྲོ་བར་བྱས་ཡོད།

    བརྙན་ཐུང་ལས་སྟེགས་སུ་གཞོན་ནུ་དང་མངོན་མིན་རིག་གནས་ཤུལ་བཞག“ཕྱོགས་གཉིས་འཕེལ་རྒྱས”ལས་ལོ་རྒྱུས་ཡུན་རིང་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་ལང་ཚོའི་ཉམས་འགྱུར་ཟབ་མོ་མངོན། བྱེ་ནུབ་ཀྱི་ཕབས་བཟོ་སྟངས་ཉམས་ལེན་དང་། “འཇུན་པའི་ཀོ་རྩེད”ནང་སྦྱོང་དང་འཁྲབ་སྟོན་གྱི་རྣམ་པ། འཇུན་པའི་ཉའི་གསོལ་ཚིགས་ཀྱི་བྲོ་བ་མྱོང་བ་སོགས་བརྙན་ལམ་དུ་བསྟན་པས་ལོ་རྒྱུས་ཡུན་རིང་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་དྲ་ཐོག་ཏུ་དོ་སྣང་བྱ་ཡུལ་གལ་ཆེན་དུ་གྱུར་ནས་མི་མང་པོ་ཞིག་གིས་དེའི་ཞིབ་ཅིང་ཕྲ་བའི་བརྒྱུད་རིམ་དང་ཕུན་སུམ་ཚོགས་པའི་ནང་དོན་ཤེས་རྟོགས་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།