དབུ་ཤོག>བོད་ཀྱི་རིག་གནས།>ལོ་རྒྱུས།
  • ལྷ་རིའི་གནའ་ལམ་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་སྒོ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-10

    ཉེ་ཆར། ལྷ་རིའི་གནའ་ལམ་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ལྷ་རི་གྲོང་རྡལ་དུ་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་སྒོ་ཕྱེ་ཡོད། དེ་ཡང་བོད་ཀྱི་གནའ་ལམ་ལོ་རྒྱུས་རིག་གནས་ལ་དམིགས་པའི་བརྗོད་དོན་གཙོ་བོའི་འགྲེམས་ཁང་ཐོག་མ་དེ་རེད།

    ལྷ་རི་རྫོང་ནི་ལོ་རྒྱུས་ཐོག་ས་མཐོའི་དར་གོས་ལམ་བུ་དང་། ཐང་བོད་གནའ་ལམ། ཇ་རྟའི་གནའ་ལམ། ཆིང་རྒྱལ་རབས་སྐབས་ཀྱི་ཁྲོན་བོད་གཞུང་ཕྱོགས་བགྲོད་ལམ། དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་ཐིག་བཅས་ཀྱི་ས་ཁོངས་གལ་ཆེན་ཞིག་དང་ས་ཚུགས་ལམ་རྒྱུད་ཅིག་ཡིན་ལ། ཀྲུང་ཧྭའི་མི་རིགས་སྣ་མང་གཞི་གཅིག་ཅན་གྱི་འཕེལ་རིམ་ཁྲོད་ནག་ཆུ་གྲོང་ཁྱེར་གྱི་ལོ་རྒྱུས་ཡིག་རིགས་ཞིབ་ཚགས་ཤོས་དང་། ཉར་ཚགས་ཕུན་སུམ་ཚོགས་ཤོས། རིག་གནས་ནང་དོན་གཏིང་ཟབ་ཤོས་བཅས་ཀྱི་ས་ཆའི་གྲས་ཤིག་ཀྱང་རེད།

    ལྷ་རི་གྲོང་རྡལ་དུ་ཡོད་པའི་ལྷ་རིའི་གནའ་ལམ་ལོ་རྒྱུས་རིག་གནས་སྒྲིག་གཤོམ་ཁང་གིས་གནའ་ལམ་གྱི་ལོ་རྒྱུས་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ་ལྷ་རིའི་གནའ་ལམ་གྱི་ཉམས་འགྱུར་དང་ལྷག་པར་དུ་ཆིང་རྒྱལ་རབས་དང་དེ་བཞིན་མི་སེར་རྒྱལ་ཁབ་དུས་སྐབས་ཀྱི་ཁྲོན་བོད་གཞུང་ཕྱོགས་འགྲོ་ལམ་ཐོག་གི་ཧ་ཅང་གལ་ཆེ་བའི“ལྷ་རིའི”ལམ་ཚུགས་ཕྱོགས་ཡོངས་ནས་མངོན་པ་དང་། དམག་སྡེ་བཅོ་བརྒྱད་པ་བོད་དུ་སྐྱོད་སྐབས་ལྷ་རིར་དར་བའི་གསར་བརྗེའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་ཀྱིས་ལོ་རྒྱུས་ཐོག་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་ས་གནས་ལ་བཅོས་སྐྱོང་ནུས་ལྡན་གནང་ལུགས་དང་། བོད་དང་མེས་རྒྱལ་གྱི་ལས་དབང་གཅིག་ཏུ་སྦྲེལ་བ་དང་ཁྲག་རྒྱུན་གཅིག་ཏུ་འདྲེས་པའི་གནས་ལུགས་ཟབ་མོ་མངོན་པར་བྱས་ཡོད།

    ལྷ་རིའི་གནའ་ལམ་ལོ་རྒྱུས་རིག་གནས་སྒྲིག་གཤོམ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་350ཙམ་དང་ཐོག་སོ་གཉིས་ཡོད་ཅིང་། “གནའ་ལམ་རིག་གནས་མཉམ་འདྲེས་ལོ་རྒྱུས”དང“གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་ལམ་བུ”གཙོ་རྐང་དུ་བྱས་ཏེ་བརྗོད་དོན་གཙོ་བོའི་ནང་དོན་ཆེ་མོ་8དུ་དབྱེ་ཡོད། ཕུན་སུམ་ཚོགས་པའི་རིག་དངོས་དང་། པར་རིས། ཚད་ལྡན་ཡིག་ཆ། བརྒྱུད་ལམ་སྣེ་མང་བཅས་ནས་ལྷ་རིའི་གནའ་ལམ་གྱི་ལོ་རྒྱུས་ཉམས་འགྱུར་དང་གསར་བརྗེའི་རིག་གནས་ཀྱི་ནང་དོན་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།

    “སྒྲིག་གཤོམ་བྱས་པའི་རིག་དངོས་ལས་ངོ་མཚར་གྱི་གཏམ་རྒྱུད་མངོན་པ་དང་། པར་རིས་རེ་རེ་ལས་མི་རབས་གོང་མའི་དཔའ་ངར་ཞུམ་མེད་ཀྱི་བྱས་རྗེས་བརྗོད་བཞིན་ཡོད”དམག་སྡེ་བཅོ་བརྒྱད་པའི་ཧྲི་ཤོག་ང་གཉིས་པའི་ཐོན་གཅིག་ལྔ་བཞིའི་དེ་སྔའི་ཆབ་སྲིད་ཨུ་ཡོན་དབྱང་ཅུན་གྱི་བུ་དབྱང་ཆི་ཁང་ཡང་ལོ་བདུན་བཅུར་སླེབས་ཡོད་པ་དང་། ལྷ་རིའི་གནའ་ལམ་ལོ་རྒྱུས་རིག་གནས་སྒྲིག་གཤོམ་ཁང་གི་སྒོ་དབྱེའི་མཛད་སྒོར་ཞུགས་ཡོད་པ་རེད། ཁོང་གིས་ལྷ་རིའི་གསར་བརྗེའི་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་དང་སྙིང་སྟོབས་བླ་ན་མེད་པ་ཞིག་ཡིན་པས་ལྷ་རིའི་གསར་བརྗེའི་ལམ་བུ་ནི་བཅིངས་འགྲོལ་གྱི་ལམ་བུ་དང་། དཔའ་བོའི་ལམ་བུ། བདེ་སྐྱིད་ཀྱི་ལམ་བུ་བཅས་ཡིན་ལ། མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་བའི་ཞི་བདེའི་ལམ་བུ་དང་ལོ་རྒྱུས་ཀྱི་ལེའུ་གསར་པ་མངོན་འགྱུར་དང་ལོ་རྒྱུས་ཀྱི་འོད་སྟོང་འཕྲོ་བའི་རྒྱལ་ཁའི་ལམ་བུ་ཡང་ཡིན་ཞེས་སེམས་འགུལ་ཐེབས་བཞིན་བརྗོད། ཁོང་གིས་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་ཞིག་ཡིན་པའི་ང་ཚོས་མི་རབས་གོང་མ་ཚོའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་ཡང་བྱས་ཡོད་ལ། ལྷ་རིའི་འཕེལ་རྒྱས་ཡར་ཐོན་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་ཡང་བྱེད་ཀྱི་ཡོད། ད་ཆ་ལྷ་རི་འདི་ཉིད་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བས་ང་ཚོར་སེམས་འགུལ་ཚད་མེད་ཐེབས་བྱུང་ལ་སྤོབས་པ་ཡང་ཆེན་པོ་སྐྱེས་བྱུང་ཞེས་མྱོང་ཚོར་ཟབ་མོས་བརྗོད།

    ལྷ་རི་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཐེན་ཞའོ་ཡན་གྱིས། ལྷ་རིའི་གནའ་ལམ་ནི་རང་ལྗོངས་ཀྱི་གལ་ཆེ་བའི་ལོ་རྒྱུས་རིག་གནས་ལམ་ཐིག་གི་ཤུལ་བཞག་ཅིག་རེད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཐོན་ཁུངས་དང་གཞི་རྟེན་གལ་ཆེན་ཡང་རེད། ང་ཚོས་ལྷ་རིའི་གནའ་ལམ་གྱི་ལོ་རྒྱུས་རིག་གནས་སྒྲིག་གཤོམ་ཁང་སྒོ་ཕྱེ་བ་གོ་སྐབས་སུ་བྱས་ནས། ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ལྷ་རིའི་ས་བབ་ཀྱི་བཟང་ཆ་འདོན་པ། གནའ་ལམ་ལོ་རྒྱུས་ཀྱི་རིག་གནས་དང་སྙེའུ་ཡི་ཁམ་བུའི་དུས་ཆེན་སོགས་རིག་གནས་ཡུལ་སྐོར་གྱི་མིང་བྱང་ཧུར་ཐག་བཏོད་ཏེ། ས་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་གསོན་ཤུགས་གསར་པ་སྣོན་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།