དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

    སྤྱི་ཚོགས་གསར་རྙིང་བརྒྱུད་མྱོང་བའི་བློ་བཟང་།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-04-09

    འདི་ནི་བགྲེས་སོང་བློ་བཟང(གཡོན་ནས་བརྩིས་པའི་གཉིས་པ)གིས་ཁྱིམ་དུ་བུ་དང་ཁྱིམ་མཚེས་ཚོ་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།

    འདི་ནི་བགྲེས་སོང་བློ་བཟང་ཡིན་པ།

    “སྤྱི་ཚོགས་རྙིང་པར་ང་ཚོ་དུད་འགྲོ་ལྟ་བུའི་འཚོ་བ་སྐྱེལ་དགོས་པས་ཤི་ནའང་ཧ་གོ་མཁན་མེད”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་སྡེ་ཁུལ་གླང་གྲོང་ཚོགས་ཆུང་གི་ལོ་དགུ་བཅུ་ཟིན་པའི་བགྲེས་སོང་བློ་བཟང་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་དཀའ་སྡུག་གི་ལོ་ཟླ་ཕྱིར་དྲན་བྱེད་ཞོར་དུ་དེ་ལྟར་བཤད།

    བློ་བཟང་རང་ལོ་13ནས་བཟུང་ཞིང་བྲན་བདག་པོར་འུ་ལག་མི་རྒྱུག་ཀ་མེད་བྱུང་ཡོད། “དབྱར་ཁར་གཡར་བའི་འབྲུ་རིགས་སྟོན་ཁར་འཇལ་དགོས་པ་དང་། གལ་ཏེ་དུས་ཐོག་ཏུ་མ་འཇལ་ན་ཉེས་རྡུང་གཟེད་རྒྱུ་ངེས་གཏན་རེད། ཞིང་བྲན་ཚོར་ལ་རྒྱ་ཞེས་པ་རྩ་བ་ནས་མེད་པའི་ཁར། ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོད་པ་མ་ཟད། ཐ་ན་སྒོ་ཕྱུགས་དང་མཉམ་དུ་བ་ཚང་ནང་སྡོད་དགོས་ཀྱི་ཡོད”ཅེས་ཁོང་གིས་ཕྱིར་དྲན་བྱེད་བཞིན་བཤད།

    1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱེད་འགོ་ཚུགས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཟོས་རྗེས། ལོ་ན་གཞོན་པའི་བློ་བཟང་དང་འདྲ་བའི་ཞིང་བྲན་ཁྲི་ཚོ་བརྒྱས་མི་ལུས་རང་དབང་ངོ་མ་ཐོབ་པའི་དུས་བཟང་མཉམ་དུ་བསུས་ཡོད། “ད་ནི་ཞིང་བྲན་བདག་པོར་མགོ་སྒུར་བའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བས། རང་དོན་རང་གིས་ཐག་བཅད་ཆོག” ད་ཆ་བློ་བཟང་རྒན་ཡོལ་ཞུས་ནས་སོས་དལ་བག་ཕེབས་ཀྱི་འཚོ་བར་རོལ་ཞིང་། བུ་ཕྲུག་ཚོའང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རྒྱལ་ཁབ་འཛུགས་སྐྲུན་པར་གྱུར་ཏེ་ནང་མི་ཚང་མ་འཆམ་མཐུན་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་དང་སྐྱེལ་མུས་རེད།

    བློ་བཟང་གི་གཏམ་རྒྱུད་ནི་བོད་ལ་འཕོ་འགྱུར་ཆེན་པོ་བྱུང་བའི་བསྡུས་རིས་ཙམ་ཞིག་རེད། 1959ལོའི་ཡར་སྔོན་དུ་བོད་ཀྱི་སྤྱིའི་མི་འབོར་གྱི་5%ཡང་མི་ཟིན་པའི་ཞིང་བྲན་བདག་པོས་ཐོན་སྐྱེད་རྒྱུ་ཆ་མང་ཆེ་བ་བདག་ཏུ་བཟུང་སྟབས། སྤྱིའི་མི་འབོར་གྱི་95%ཡན་ཟིན་པའི་ཞིང་བྲན་ཚོར་ཐོན་སྐྱེད་རྒྱུ་ཆ་དང་མི་ལུས་རང་དབང་མེད་ཁར། ད་དུང་གདུག་རྩུབ་ཆེ་བའི་གཉའ་གནོན་དང་བཤུ་གཞོག་ཕོག་གི་ཡོད། ད་ཆ་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བསྟུད་མར་ལོ་མང་པོ་འཕར་ནས་སྤྱི་ཚོགས་འགན་སྲུང་ཁྱོན་ཡོངས་ནས་ཐུབ་ཡོད། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བརྒྱབ)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།