དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དྲན་པའི་ངོགས་སུ་རྒྱུ་བའི་འབྲོག་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རྡོ་རྗེ་ཐར་ལམ།   |     སྤེལ་དུས།  2025-04-08

    ཡིད་འོང་འབྲོག་མོའི་གསུང་སྐད་ལྷང་ལྷང་། །

    ནགས་ཀྱི་ལྗོན་ཤིང་གར་སྟབས་ལང་ལིང་ །

    དཔྱིད་ཀྱི་སྦྲང་ཆར་ཟམ་ཟིམ་འཐོར་དུས། །

    ལན་བུ་གཡུ་ཡིས་བརྒྱན་པའི་འབྲོག་མོ། །

    ལུག་ཁྱུ་འཚོ་སའི་ཐང་ནས་དྲན་ཡོང་། །

    མེ་ཏོག་སྣ་བརྒྱའི་མགོ་ལྕོག་ལྡེམ་ལྡེམ། །

    གཡུ་སྦྲང་གཞོན་ནུའི་གླུ་དབྱངས་དར་དིར། །

    དབྱར་གྱི་མཛེས་པ་སྤང་ལ་འདྲེས་དུས། །

    མེ་ཏོག་མགོ་རྒྱན་བསླས་པའི་འབྲོག་མོ། །

    སྤང་ལྗོངས་བདེ་མོའི་ཐང་ནས་དྲན་ཡོང་། །

    མཐོན་མཐིང་མཁའ་ཡི་ཆུ་འཛིན་ལང་ལིང་། །

    དྭངས་གསལ་གཙང་པོའི་བཞུར་སྒྲ་འུར་འུར། །

    སྟོན་གྱི་སྒེག་ཉམས་རི་ནས་འཆར་དུས། །

    མགོ་རས་རླུང་གིས་ཁུར་བའི་འབྲོག་མོ། །

    སྟོན་སའི་སྦྲ་གུར་མཐའ་ནས་དྲན་ཡོང་། །

    ནོར་འཛིན་ཁ་བའི་འདབ་མའི་དྲིན་གྱིས། །

    རི་ཀླུང་ཐང་གསུམ་དཀར་འོད་ཆེམ་ཆེམ། །

    དགུན་ཟླའི་གྲང་ལྷགས་གཙག་གིས་གཙེས་དུས། །

    ཚར་དཀར་གོང་བ་ངོམས་པའི་འབྲོག་མོ། །

    དགུན་གསུམ་ཁ་བའི་ཀློང་ནས་དྲན་ཡོང་། །

    རྡོ་རྗེ་ཐར་ལམ།

    ཡིད་འོང་འབྲོག་མོའི་གསུང་སྐད་ལྷང་ལྷང་། །

    ནགས་ཀྱི་ལྗོན་ཤིང་གར་སྟབས་ལང་ལིང་ །

    དཔྱིད་ཀྱི་སྦྲང་ཆར་ཟམ་ཟིམ་འཐོར་དུས། །

    ལན་བུ་གཡུ་ཡིས་བརྒྱན་པའི་འབྲོག་མོ། །

    ལུག་ཁྱུ་འཚོ་སའི་ཐང་ནས་དྲན་ཡོང་། །

    མེ་ཏོག་སྣ་བརྒྱའི་མགོ་ལྕོག་ལྡེམ་ལྡེམ། །

    གཡུ་སྦྲང་གཞོན་ནུའི་གླུ་དབྱངས་དར་དིར། །

    དབྱར་གྱི་མཛེས་པ་སྤང་ལ་འདྲེས་དུས། །

    མེ་ཏོག་མགོ་རྒྱན་བསླས་པའི་འབྲོག་མོ། །

    སྤང་ལྗོངས་བདེ་མོའི་ཐང་ནས་དྲན་ཡོང་། །

    མཐོན་མཐིང་མཁའ་ཡི་ཆུ་འཛིན་ལང་ལིང་། །

    དྭངས་གསལ་གཙང་པོའི་བཞུར་སྒྲ་འུར་འུར། །

    སྟོན་གྱི་སྒེག་ཉམས་རི་ནས་འཆར་དུས། །

    མགོ་རས་རླུང་གིས་ཁུར་བའི་འབྲོག་མོ། །

    སྟོན་སའི་སྦྲ་གུར་མཐའ་ནས་དྲན་ཡོང་། །

    ནོར་འཛིན་ཁ་བའི་འདབ་མའི་དྲིན་གྱིས། །

    རི་ཀླུང་ཐང་གསུམ་དཀར་འོད་ཆེམ་ཆེམ། །

    དགུན་ཟླའི་གྲང་ལྷགས་གཙག་གིས་གཙེས་དུས། །

    ཚར་དཀར་གོང་བ་ངོམས་པའི་འབྲོག་མོ། །

    དགུན་གསུམ་ཁ་བའི་ཀློང་ནས་དྲན་ཡོང་། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།