བོད་ཀྱི་དམངས་སྲོལ་རིག་གནས་སྐོར་གླེང་བ།
འདི་ནི་ཡུལ་སྐོར་བས་བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་བོད་ཀྱི་ལོ་གསར་གཏོང་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་དོན་གཅོད་ཁྲུའུ་གཤོངས་དགའ་སྡེ་ཁུལ་གྱི་གྲོང་མིས་ཤམ་བུ་འགེལ་བཞིན་པ།
འདི་ནི་བོད་རིགས་མང་ཚོགས་ཀྱིས་ཁ་ཟས་བཀྲག་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཤ་གསར་ཟུར་སྡེ་ཁུལ་གྱི་ལས་དོན་པས་དགུ་ཐུག་གྲ་སྒྲིག་བྱེད་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་གྲོང་མི་བདེ་གཡང་གིས་གཅུང་མོ་གཡུ་མཚོར་གཟབ་སྤྲོས་གཡོག་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཤ་གསར་ཟུར་སྡེ་ཁུལ་གྱི་མང་ཚོགས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ནས་ཕྱེ་མར་ཕུད་གཏོར་བྱེད་བཞིན་པ།
འདི་ནི་བོད་རིགས་མང་ཚོགས་ཀྱིས་ལོ་ཕུད་ཉོ་བཞིན་པ།
འདི་ནི་བོད་རིགས་མང་ཚོགས་ཚོས་ལོ་གསར་གྱི་མཁོ་ཆས་ཉོ་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཤ་གསར་ཟུར་སྡེ་ཁུལ་གྱི་མང་ཚོགས་ཚོས་ལོ་གསར་གྱི་སྨོན་ཚིག་སྦྱར་བཞིན་པ།
བོད་ཀྱི་ལོ་གསར་རིང་བོད་ལྗོངས་རྟེན་མཛོད་ཁང་གིས“རྒྱུན་འཛིན། མཉམ་དུ་དུས་ཆེན་ལ་རོལ”ཞེས་པའི་བོད་ཀྱི་ལོ་གསར་གཏོང་སྲོལ་ཉམས་ལེན་བྱེད་སྒོ་སྤེལ་ཞིང་། འདི་ནི་ཡུལ་སྐོར་བས་བྱེད་སྒོ་སྤེལ་རིང་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་སྒོར་གཞས་འཁྲབ་བཞིན་པ།
འདི་ནི་2025ལོའི་བོད་ཀྱི་ལོ་གསར་གྱི་ཟློས་གར་རོལ་དབྱངས་འདུ་ཚོགས་འཚོག་ཡུལ་ཡིན་པ།
བོད་ཀྱི་ལོ་གསར་ནི་གངས་ལྗོངས་ས་མཐོའི་དུས་སྟོན་གཟབ་རྒྱས་ཤིག་རེད་ལ། ཀྲུང་ཧྭ་མི་རིགས་སྣ་མང་རིག་གནས་ཀྱི་ཁྱིམ་ཚང་ཆེན་པོའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཀྱང་རེད། ལོ་གསར་མཁོ་ཆས་གྲ་སྒྲིག་དང་དགུ་ཐུག་འཐུང་བ། ཡང་ན་དུ་ཕྱག་རྒྱག་པ་དང་དགའ་ཉེ་སྤུན་མཆེད་ལ་འཚམས་འདྲི་ཞུ་བ་སོགས་ཀྱི་གོམས་སྲོལ་ཚང་མ་དཔྱིད་གསར་དུས་ཆེན་དང་ཧ་ཅང་འདྲ་པོ་ཡོད། དེའི་ཐད་གྲངས་ཉུང་མི་རིགས་གཞན་དང་ཡང་འདྲ་བའི་ཆ་མི་ཉུང་བ་ཞིག་ཡོད། གནའ་སྔ་མོ་ནས་བཟུང་བོད་ཀྱི་རིག་གནས་དེ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དང་ཁ་འབྲལ་ཐབས་མེད་པ་དང་། བོད་ཀྱི་མི་དམངས་དང་ཀྲུང་ཧྭའི་མི་རིགས་ཁག་གི་མི་དམངས་དང་འབྲེལ་བ་དམ་ཟབ་ཡོད་པ་མཚོན་ཐུབ། —— རྩོམ་སྒྲིག་པས།
ལོ་གསར་ནི་བོད་རིགས་ཀྱི་ངོས་ནས་བརྗོད་ན་ལོ་གཅིག་ནང་གི་གལ་ཆེ་ཤོས་དང་འཁྲུག་ཆ་དོད་ཤོས་ཀྱི་དུས་ཆེན་ཞིག་ཡིན་ལ། ནང་མི་ལྷན་འཛོམས་དང་ལོ་རྙིང་ཕར་ལ་བསྐྱལ་ནས་ལོ་གསར་ཚུར་ལ་བསུ་བའི་དུས་ཚོད་གལ་ཆེན་ཞིག་ཀྱང་ཡིན། ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་བྱེད་པ་ནས་དགའ་ཉེ་སྤུན་མཆེད་དབར་འཚམས་འདྲི་ཞུ་བའི་བར་ཚང་མར་དམངས་སྲོལ་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་ཡོད།
བོད་ཀྱི་ལོ་གསར་གྱི་གྲ་སྒྲིག་སྔ་པོ་ནས་བྱེད་འགོ་རྩོམ་སྟེ། ཁྱིམ་ཚང་ཚང་མ་ལོ་གསར་གྱི་མཁོ་ཆས་ཉོ་བར་བྲེལ་ཞིང་། མར་དང་། རྩམ་པ། བྱི་རིལ། ཤིང་ཏོག་སྐམ་པོ། ཚགས་ཤ་དང་ལུག་ཤ་སོགས་ནི་མེད་དུ་མི་རུང་བ་ཤ་སྟག་ཡིན། ད་དུང་བུད་མེད་རྣམས་ཀྱིས་བདེ་སྐྱིད་དང་འབྱོར་ཕྱུག་མཚོན་པའི་ཁ་ཟས་འདྲ་མིན་སྣ་ཚོགས་བཀྲག་གི་ཡོད།
སྣ་མང་ཕུན་སུམ་ཚོགས་པའི་བཟའ་བཅའ་ཕུད། གཟབ་སྤྲོས་ཀྱང་ལོ་གསར་མཁོ་ཆས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། རྒན་མགོ་དཀར་ནས་གཞོན་སོ་མེད་བྱིས་པ་བར་ཚང་མས་ལུས་ལ་གཟབ་མཆོར་སྤྲས་པ་དང་རྒྱན་ཆ་སྣ་ཚོགས་བཏགས་ནས་ལོ་གསར་ལ་བསུ་བ་ཞུ་གི་ཡོད།
ལོ་གསར་གོང་དུ་ཁྱིམ་ཚང་ཚང་མས་དུ་ཕྱག་བྱས་ཏེ། ཁང་པའི་མགོ་ནས་མཇུག་བར་གཙང་མ་བཟོས་ནས་ལོ་རྙིང་པའི་གེགས་དང་བར་ཆད་མཐའ་དག་བསལ་ཏེ་ཕུན་སུམ་ཚོགས་པའི་དཔལ་ཡོན་ཀུན་ལོ་གསར་པའི་ནང་ཤར་བའི་སྨོན་འདུན་བཟང་པོ་མཚོན་པར་བྱེད་ཀྱི་ཡོད། དུ་ཕྱག་བྱས་རྗེས། ཁྱིམ་དུ་ཁ་གདན་གསར་པ་བརྗེ་བ་དང་། ལོ་གསར་གྱི་སྨོན་ཚིག་གསར་པ་སྦྱར་བ། དེ་བཞིན་ཁང་པར་མཚོན་མདོག་སྣ་མིན་གྱི་མཛེས་བརྒྱན་སྤྲས་ཏེ་ཁྱིམ་གྱི་རྣམ་པ་གསར་རྐྱང་དུ་འགྱུར་བར་བྱེད་ཀྱི་ཡོད།
ཡུལ་སྲོལ་གོམས་གཤིས་ལྟར་ན། ལོ་གསར་གྱི་སྔ་ནུབ་ཏུ་ད་དུང་ཤམ་བུ་འགེལ་སྲོལ་ཡོད་དེ། ལོ་རེར་ཤམ་བུ་ཐེངས་རེ་བརྗེ་བ་དང་། སྤྱིར་བཏང་བྱས་ན་ཁྱིམ་གྱི་སྒོ་ཐོད་དུ་འགེལ་གྱི་ཡོད། ཤམ་བུ་གསར་པ་རླུང་བུའི་འགྲོས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བ་ནི་བཀྲ་ཤིས་རྟེན་འབྲེལ་བཟང་པོའི་མཚོན་བྱེད་ཡིན།
དགུ་ཐུག་ནི་བོད་ཀྱི་ལོ་གསར་སྐབས་ནང་མི་མཉམ་འཛོམས་བྱེད་པའི་ཉིན་མོ་གལ་ཆེན་ཞིག་ཡིན། བོད་ཟླ་བཅུ་གཉིས་ཀྱི་ཉི་ཤུ་དགུ་ཡི་དགོང་མོར་ནང་མི་ལྷན་དུ་འཛོམས་ནས་དགུ་རྫས་བླུགས་པའི་དགུ་ཐུག་འཐུང་གི་ཡོད། བག་ཐུག་ནང་བླུགས་པའི་དགུ་རྫས་མི་འདྲ་བར་མཚོན་དོན་ཡང་མི་འདྲ་སྟེ། དཔེར་ན་སུར་པན་གྱིས་ཁ་ཚ་པོ་མཚོན་པ་དང་། བལ་གྱིས་ངང་རྒྱུད་རིང་པོ་མཚོན་པ། ཁམ་བུས་གཟུགས་ཁམས་བདེ་ཐང་མཚོན་པ་ལ་སོགས་རེད།
ལོ་གསར་ཚེས་གཅིག་ལ་ཕྱེ་མར་བསྒྲིགས་ཏེ། ནང་མི་ཚོས་ཕྱེ་མར་ཕུད་གཏོར་ལན་གསུམ་བྱས་ནས་ལོ་གསར་པའི་ནང་ཆར་ཆུ་དུས་ལ་བབས་པ་དང་ལོ་ཆུ་རྟག་ཏུ་ལེགས་པའི་སྨོན་འདུན་ཞུ་གི་ཡོད།
གྲོ་མ་ནི་ས་བབ་མཐོ་བའི་ཁུལ་དུ་སྐྱེས་པའི་སྐྱེ་དངོས་ཤིག་ཡིན་པ་དང་། དེར་འཚོ་བཅུད་ཕུན་སུམ་ཚོགས་པོ་ལྡན་ཡོད། ལོ་གསར་རིང་མི་རྣམས་ཀྱིས་འབྲས་དང་། མར། བྱེ་མ་ཀ་ར་བཅས་རྒྱུ་ཆར་བྱས་ནས་བྲོ་བ་ཧ་ཅང་ཞིམ་པའི་གྲོ་མ་འབྲས་སིལ་བཟོ་གི་ཡོད། དེ་ལས་ལོ་གསར་པའི་ནང་ལོ་ཆུ་རྟག་ཏུ་ལེགས་པ་དང་ལོངས་སྤྱོད་འདོད་རྒུ་འཕེལ་བའི་བཀྲ་ཤིས་སྨོན་འདུན་མཚོན་གྱི་ཡོད། གཞན་ཡང་ལོ་ཕུད་བཏབ་ནས་སྐྱེ་འཚར་ཡག་པོ་བྱུང་རྗེས་སྡེར་ཁའི་སྡེར་རྫས་སུ་བྱས་ནས་སྒྲིག་སྲོལ་ཡོད།
དཔྱིད་གསར་དུས་ཆེན་དང་འདྲ་བར་ལོ་གསར་ལ་འཚམས་འདྲི་ཞུ་བ་ནི་བོད་ཀྱི་ལོ་གསར་སྐབས་མེད་དུ་མི་རུང་བའི་བྱེད་སྒོ་ཞིག་རེད། མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་དཀར་གཙང་མཇལ་དར་དང་ལག་རྟགས་འཁྱེར་ནས་དགའ་ཉེ་སྤུན་མཆེད་ཀྱི་ཁྱིམ་དུ་འཚམས་འདྲི་ཞུ་བར་འགྲོ་སྲོལ་ཡོད།