དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བཀྲ་ཤིས་གཡང་བརྩེགས་ཀྱི་སྨོན་ལམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསོད་དབང་།   |     སྤེལ་དུས།  2025-02-23

    བཀྲ་ཤིས་རྟགས་བརྒྱད་འཛོམས་པའི་ཁྱིམ་ཚང་ཕྱུག །ཕྱུག་པོའི་ལོངས་སྤྱོད་འདོད་ཡོན་སྣ་ལྔ་ཚང་། ། ཚང་མ་ནད་མེད་ཚེ་རིང་རྣམ་དྲུག་སྐྱིད། །སྐྱིད་པའི་ཁྱིམ་འདི་མཐུན་པ་སྤུན་བཞི་གནས། །གནས་ཁང་དགའ་སྟོན་རོལ་བའི་བཀྲ་ཤིས་ཤོག །དེ་རིང་བག་སྟོན་གཡང་གི་ཉིན་མོ་ལ། །གྲོགས་དང་སྤུན་མཆེད་མང་པོ་འདིར་འཛོམས་པས། །དགའ་བདེའི་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །གཉེན་སྟོན་ལམ་འགྲོ་ཡོང་བའི་བཀྲ་ཤིས་ཤོག །རྟགས་དང་རྟེན་འབྲེལ་བཟང་བའི་བཀྲ་ཤིས་ཤོག །ལེགས་སྨོན་མཐའ་དག་འགྲུབ་པའི་བཀྲ་ཤིས་ཤོག །རྒྱལ་ཁབ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག །ལུང་པ་མཐུན་ལམ་ཡོང་བའི་བཀྲ་ཤིས་ཤོག །ཁྱིམ་ཚང་རྟག་ཏུ་འཆམ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་ནམ་མཁའ་གང་བར་ཤོག །སྨོན་ལམ་གང་སར་ཁྱབ་པར་ཤོག །བསམ་དོན་ཐམས་ཅད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་པར་གྱུར་ཅིག ཐམས་ཅད་བཀྲ་ཤིས་ཤོག །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།